51729

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངོན་པར་འབྱུང་བ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། འདི་ལྟར་ཁྱིམ་གྱི་གནས་སྨད་པའི་ཕྱིར། བྱང་ཆུབ་སེམས་དཔའ་མངོན་པར་འབྱུང་བ། གནས་ལ་དགའ་བའི་སེམས་ཅན་གྱེན་དུ་བསྐྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ། འཕགས་པ་དང་མཐུན་པའི་ལམ་གྱིས་ལེགས་པ་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ་དང༌། རབ་ཏུ་བྱུང་བའི་ཡོན་ཏན་དང་ལེགས་པ་ཡང་དག་པར་བསྔགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ། མཐའ་གཉིས་ཀྱི་ལྟ་བ་དང་བྲལ་བ་ཡང་དག་པར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ། འདོད་པའི་བདེ་བ་དང་ཕྲད་པར་བརྩོན་ཞིང་བདག་གི་བདེ་བ་ལྷུར་ལེན་པའི་སེམས་ཅན་སྐྱོ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ། ཁམས་གསུམ་པ་ཐམས་ཅད་ལས་འབྱུང་བའི་སྔོན་གྱི་ལྟས་ཡང་དག་པར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ། རང་ལ་རག་ལས་པར་སྤྱོད་ཅིང༌། གཞན་གྱི་དྲིང་མི་འཇོག་པ་ལ་བརྟེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་བསྙེངས་པ་ཐོབ་པ་དང་མཐུན་པར་ཡང་དག་པར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ། ཆོས་ཉིད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་སྲིད་པའི་ཐ་མ་པ་ནི་གདོན་མི་ཟ་བར་མངོན་པར་འབྱུང་བའོ། །
Domain ཆོས་ལུགས།