51735

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངོན་པར་འཚང་རྒྱ་བར་འགྱུར་བའི་ཆོས་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་སྙིང་རྗེ་པདྨ་དཀར་པོའི་མདོ་ལས་བྱུང་བ་སྟེ། ༡ ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་བསྡམས་ཤིང་། ཚུལ་ཁྲིམས་དང་ལྡན་པ། ༢ ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་དང་ལྷན་ཅིག་འགྲོགས་ཤིང་རྒྱུ་བ། ༣ ཐམས་ཅད་ཡོངས་སུ་གཏོང་ཞིང་ཀུན་ལའང་ཡོངས་སུ་གཏོང་ལ་སེམས་ཅན་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་བར་བྱ་བའི་ཕྱིར་སྙིང་རྗེའི་སེམས་བསྐྱེད་ཅིང་སྦྱིན་པར་བྱེད་པ། ༤ ལྷག་པའི་བསམ་པས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དང། འདུལ་བ་ལ་རྟོག་པའི་སྨོན་ལམ་ཡོངས་སུ་འཛིན་པར་བྱེད་པའོ། །
Domain ཆོས་ལུགས།