51736

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངོན་པར་རྟོག་པའི་འགྲེལ་པ་ (1)
Part of speech མིང་ཚིག
Definition སློབ་དཔོན་དཔའ་བོ་རྡོ་རྗེས་མཛད་པའི་མངོན་པར་རྟོག་པའི་འགྲེལ་པ། པཎྜི་ཏ་ཁ་ཆེ་རྣམ་གཉིས་ཀྱི་གསུང་། ལོཙྪ་བ་ཆེན་པོ་དགེ་སློང་འཕགས་པ་ཤེས་རབ་ཀྱིས་བསྒྱུར། འདིའི་མཛད་འགྱུར་དུ་ཛྙཱ་ན་ཤྲཱི་མི་ཏྲ་ཧོའི་ཞི་གནས་དང་ལྷག་མཐོང་མངོན་པར་རྫོགས་པར་བྱེད་པའི་རྒྱ་ཆེར་འགྲེལ་པར་རྣམ་པར་བཤད་པའི་སྙིང་པོ་ཞེས་བྱ་བ། ཁ་ཆེ་དགོན་པ་པའི་གསུང་བཞིན་ཟངས་དཀར་གྱིས་མཛད་སློབ་དཔོན་དཔའ་བོ་རྡོ་རྗེས་མཛད་པ་རྫོགས་སྷོ། །པཎྜི་ཏ་ཁ་ཆེ་དགོན་པ་པ་དང་ཛྙཱ་ན་ཤྲི་རྣམ་གཉིས་ཀྱི་གསུང་། ལོཙྪ་བ་ཆེན་པོ་དགེ་སློང་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བའོ། །ཞེས་དང་། པེ་ཅིང་པར་མ་དང་། སྣར་ཐང་དཀར་ཆག་ཏུ་ཁ་ཆེ་དགོན་པ་པའི་གསུང་བཞིན་དཔའ་བོ་རྡོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང་། འཕགས་པ་ཤེས་རབ་ཀྱི་འགྱུར་ཞེས་འཁོད། བསྟན་འགྱུར་རྒྱུད་ཝུ་པར་བཞུགས།