51738

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངོན་པར་རྟོགས་པ་དྲུག་ལ་ཡོངས་སུ་ཤེས་པ་དགུ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། འདོད་པ་དང་ལྡན་པའི་སྡུག་བསྔལ་དང༌། ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་དང་པོའོ། །གཟུགས་དང་གཟུགས་མེད་པ་དང་ལྡན་པའི་སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་གཉིས་པའོ། །འདོད་པ་དང་ལྡན་པའི་འགོག་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་གསུམ་པའོ། །འདོད་པ་དང་ལྡན་པའི་ལམ་མ་ཐོབ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་བཞི་པའོ། །གཟུགས་དང་གཟུགས་མེད་པ་དང་ལྡན་པའི་འགོག་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་ལྔ་པའོ། །གཟུགས་དང་གཟུགས་མེད་པ་དང་ལྡན་པའི་ལམ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་དྲུག་པའོ། །ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་སྤངས་པ་ནི་ཡོངས་སུ་ཤེས་པ་བདུན་པའོ། །གཟུགས་ཀྱི་འདོད་ཆགས་སྤངས་པ་ནི་ཡོངས་སུ་ཤེས་པ་བརྒྱད་པའོ། །གཟུགས་མེད་པའི་འདོད་ཆགས་སྤངས་པ་ནི་ཡོངས་སུ་ཤེས་པའོ། །
Domain ཆོས་ལུགས།