51760

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངོན་པར་རྩེ་བའི་རིན་པོ་ཆེའི་མཛོད་ལ་འཇུག་པའི་ཆོས་ཀྱི་སྒོ་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་མངོན་པར་རྩེ་བའི་རིན་པོ་ཆེའི་མཛོད་ལ་འཇུག་པའི་ཆོས་ཀྱི་སྒོ་བཅུ་སྟེ། ཉི་མ་འཆར་ཀའི་གཙུག་ཕུད་ཅེས་བྱ་བའི་ཆོས་ཀྱི་སྒོ། སྙིང་པོ་ལྔ་པ་ལ་རྒྱ་ཆེར་རྩེ་བར་མངོན་པར་རྒྱགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། ཡོན་ཏན་རིན་པོ་ཆེའི་མཛོད་མངོན་དུ་འབྱུང་བ་ཞེས་བྱ་བའི་ཆོས་ཀྱི་སྒོ། ཚུལ་གྱི་མཚམས་བཟང་པོས་མངོན་པར་རྩེ་བ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། ཆུའི་དུས་ལ་ཞུགས་པའི་སྟོབས་མི་འཇིགས་པར་བྱ་བ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། ཙནྡན་སྟོབས་ཀྱིས་བདེ་བསིལ་ལ་མངོན་པར་རྩེ་བ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། མིག་མི་འཛུམ་པར་སྨྲ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ། ཀུ་མུད་དང་། ཟླ་བ་ལྟ་བུའི་ཆུ་དང་ལྡན་པ་མངོན་པར་རྩེ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ། སྦྲུལ་པོ་ཆེ་ལ་སོགས་པའི་ལུས་ལ་མངོན་པར་འདོད་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། བསྔགས་པར་བྱ་བ་ཤིན་ཏུ་མང་བ་ལ་མངོན་པར་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོའོ། །
Domain ཆོས་ལུགས།