From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མངོན་པར་ཤེས་པ་དྲུག་ (1)
| Part of speech
|
མིང་ཚིག
|
| Definition
|
འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་བྱུང་བ་སྟེ། བྱང་ཆུབ་སེམས་དཔའི་ལྷའི་མིག བྱང་ཆུབ་སེམས་དཔའི་ལྷའི་རྣ་བ། བྱང་ཆུབ་སེམས་དཔའི་ཕ་རོལ་གྱི་སེམས་ཤེས་པ། བྱང་ཆུབ་སེམས་དཔའི་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་བྱ་བ་ཤེས་པ། བྱང་ཆུབ་སེམས་དཔའི་ཟག་པ་ཟད་པ་ཤེས་པ།
|
| Domain
|
ཆོས་ལུགས།
|
མངོན་པར་ཤེས་པ་དྲུག་ (2)
| Part of speech
|
མིང་ཚིག
|
| Definition
|
ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་འགྲེལ་པ་ལས་བྱུང་བ་སྟེ། འཕོ་བ། མཐུན་པར་ཐོས་པ། སེམས་ཀྱི་སྤྱོད་པ། འཇུག་པ། འགྲོ་བ། འོང་བའོ། །
|
མངོན་པར་ཤེས་པ་དྲུག་ (3)
| Part of speech
|
མིང་ཚིག
|
| Definition
|
ལྷའི་མིག་ནི། ད་ལྟར་གྱི་ལུས་ཉེ་རིང་ཇི་སྙེད་པ་དང་ཤི་ནས་གར་སྐྱེས་པའི་གཟུགས་ཐམས་ཅད་མཐོང་བ་དེ་ནི་ལྷའི་མིག་གོ ། ལྷའི་རྣ་བ་ནི། སྒྲ་དང་སྐད་དང་བརྡ་སྣ་ཚོགས་ཐོས་ཤིང་གོ་བ་ནི་ལྷའི་རྣ་བའོ། །སེམས་ཀྱི་རྣམ་གྲངས་ཤེས་པ་ནི། སེམས་ཅན་གྱི་བསམ་པ་དང་བག་ལ་ཉལ་ཤས་ཆེ་ཆུང་ཀུན་ཤེས་པ་ནི་སེམས་ཀྱི་རྣམ་གྲངས་ཤེས་པའོ། །ལུས་ཀྱི་རྫུ་འཕྲུལ་ཤེས་པ་ནི། འབར་བ་དང་། འཕུར་བ་དང་། མང་ཉུང་དང་། བཟང་ངན་དང་ཆུ་ལ་འགྲོ་ཞིང་ས་ལ་འབྱིང་བ་དག་ཤེས་པ་ནི་ལུས་ཀྱི་རྫུ་འཕྲུལ་ཤེས་པའོ། །སྔོན་གྱི་གནས་རྗེས་སུ་དྲན་པ་ནི། ད་ལྟར་གྱི་དུས་ནས་བཟུང་སྟེ། ཚེ་རབས་སྔ་མ་ལ་གནས་གང་ན་གནས་ནས་ལས་ཅི་བྱེད་པའི་ལོ་རྒྱུས་དྲན་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའོ། །ཟག་པ་ཟད་པ་ཤེས་པ་ནི། མཐོང་བ་དང་བསྒོམ་པས་སྤངས་པའི་ཉོན་མོངས་པ་ཅི་སྤངས་ཅི་མ་སྤངས་པའི་རིམ་པ་ཤེས་བཞིན་དུ་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པ་ཤེས་པ་དག་ནི་ཟག་པ་ཟད་པ་ཤེས་པའོ། །
|