51776
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་བརྩེགས་འཕགས་པ་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས་བྱུང་བ་སྟེ། སྒྲིབ་པ་མེད་པར་གཟུགས་ཐམས་ཅད་མཐོང་བས་ལྷའི་མིག་ཡོངས་སུ་དག་པ། སྒྲིབ་པ་མེད་པར་སྒྲ་ཐམས་ཅད་ཐོས་པས་ལྷའི་རྣ་བ་ཡོངས་སུ་དག་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་རྣམ་པར་ལྟ་བས་ཕ་རོལ་གྱི་སེམས་ཤེས་པ་ཡོངས་སུ་དག་པ། སྒྲིབ་པ་མེད་ཅིང་ཆགས་པ་མེད་པར་སྔོན་གྱི་མཐའ་རྗེས་སུ་དྲན་པས་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་ཡོངས་སུ་དག་པ། སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་འགྲོ་བས་རྫུ་འཕྲུལ་གྱི་བྱ་བ་ཡོངས་སུ་དག་པ། ཟག་པ་ཐམས་ཅད་ཟད་པ་ཤེས་པས་བསལ་ཅིང་དུས་མ་ཡིན་པ་སྤངས་པས་ཟག་པ་ཟད་པ་ཡོངས་སུ་དག་པ། གཡོ་བ་དང་རློམ་སེམས་ཐམས་ཅད་དང་བྲལ་བས་དགེ་བའི་རྩ་བས་མངོན་པར་ཤེས་པ་ཡོངས་སུ་དག་པ། ཇི་ལྟར་སྔོན་གྱི་དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱེད་པས་བཤེས་པ་བརྟན་པ་ཡོངས་སུ་དག་པའོ། ། |
| Domain | ཆོས་ལུགས། |