51782
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྫོགས་ཆེན། རྙིང་མ། མངོན་པར་ཤེས་པའི་མངོན་ཤེས་ནི། མངོན་ཤེས་བཞིའི་ཡ་གྱལ་ཞིག་སྟེ། འདིའི་དོན། ཉི་ཟླ་འབར་བའི་སྒྲོན་མ་ལས། མངོན་པར་ཤེས་པའི་མངོན་ཤེས་ནི། ཕུང་པོ་ལྔ་འདུ་བྱས་སུ་ཤེས་པ་དང་། ཡུལ་ལྔ་འཁྲུལ་སྣང་དུ་ཤེས་པ་དང་། སེམས་ཡིད་འཁྲུལ་རྒྱུར་ཤེས་པ་དང་། རླུང་དང་འགྱུ་བ་འཁྲུལ་རྐྱེན་དུ་ཤེས་པ་དང་། དྲན་རྟོག་འཁྲུལ་པར་ཤེས་པ་དང་། གཟུགས་ལྔ་འཁྲུལ་པའི་འབྲས་བུར་ཤེས་པའོ། །ཞེས་གསུངས། |
| Domain | ཆོས་ལུགས། |