51786

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངོན་པར་ཤེས་པའི་སྣང་བ་བརྒྱད་ (1)
Part of speech མིང་ཚིག
Definition འཕགས་པ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པའི་མདོ་ལས་བྱུང་བ་སྟེ། ༡ ལྷའི་མིག་གིས་གཟུགས་ཐམས་ཅད་ཡང་དག་པར་མཐོང་བའི་ཕྱིར་གསལ་བའི་སྣང་བ། ༢ ལྷའི་རྣ་བས་སྒྲ་ཐམས་ཅད་ཐོས་པའི་ཕྱིར་ངེས་པར་རྟོག་པའི་སྣང་བ། ༣ སྔོན་གྱི་གནས་བསྐལ་བ་གྲངས་མེད་པ་རྗེས་སུ་དྲན་པའི་ཕྱིར་རྗེས་སུ་དྲན་པའི་སྣང་བ། ༤ སེམས་ཐམས་ཅད་ཀྱི་སེམས་ལ་ལྟ་བའི་ཕྱིར་རང་བཞིན་གྱིས་འོད་གསལ་བའི་སྣང་བ། ༥ སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་རྫུ་འཕྲུལ་གྱིས་འགྲོ་བའི་ཕྱིར་ནམ་མཁའ་སྒྲིབ་པ་མེད་པའི་སྣང་བ། ༦ ཟག་པ་མེད་པའི་ཤེས་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་ཤེས་པའི་སྣང་བ། ༧ སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་བྱ་བའི་ཕྱིར་བསོད་ནམས་ཀྱི་ཚོགས་ཀྱི་སྣང་བ། ༨ སེམས་ཅན་ཐམས་ཅད་ཀྱི་དོགས་པ་གཅོད་པའི་ཕྱིར་ཡེ་ཤེས་ཀྱི་ཚོགས་ཀྱི་སྣང་བའོ། །
Domain ཆོས་ལུགས།