51831

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངོན་རྟོགས་རྒྱན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། རྗེ་བཙུན་བྱམས་མགོན་གྱིས་མཛད་པ། སྐབས་བརྒྱད་ཀྱི་བདག་ཉིད་ཅན། ཤོ་ལོ་ཀ་ཉིས་བརྒྱ་གྱ་བཞི་ཡོད། དུས་རབས་བཅུ་གཅིག་པར་ལོ་ཙྪ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར། ཤེར་ཕྱིན་གྱི་མདོའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཙོ་བོར་སྟོན་པ། སྐབས་དང་པོར་རྣམ་མཁྱེན། སྐབས་གཉིས་པར་ལམ་ཤེས། སྐབས་གསུམ་པར་གཞི་ཤེས། སྐབས་བཞི་པར་རྣམ་རྫོགས་སྦྱོར་བ། སྐབས་ལྔ་པར་རྩེ་མོའི་སྦྱོར་བ། སྐབས་དྲུག་པར་མཐར་གྱིས་སྦྱོར་བ། སྐབས་བདུན་པར་སྐད་ཅིག་མའི་སྦྱོར་བ། སྐབས་བརྒྱད་པར་འབྲས་བུ་ཆོས་སྐུ་བསྟན་བྱའི་གཙོ་བོར་བྱས་ནས་གསུངས་ཡོད།
Domain ཆོས་ལུགས།