51833
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། འདིར་བསྟན་མཆོད་བརྗོད་ཡུལ་གྱི་ཡུམ་གྱི་མཚན་ཉིད་ནི། རང་གི་སྲས་འཕགས་བཞིའི་བཞེད་དོན་སྒྲུབ་ནུས། དབྱེ་ན། གཞུང་། ལམ། འབྲས་བུ། རང་བཞིན་ཡུམ་བཞིའོ། །ཞེས་གཡག་སྟོན་གྱི་ཤེར་འགྲེལ་རིན་དབང་རྒྱལ་པོ་ལས་སོ། །རང་སྲས་འཕགས་པའི་སྐྱེད་བྱེད་དང་རང་སྲས་འཕགས་པའི་བཞེད་དོན་སྒྲུབ་བྱེད་གང་རུང་དུ་གྱུར་པའི་བདག་མེད་རྟོགས་པའི་མཁྱེན་པ་དེ་མཆོད་ཡུམ་མོ། །དབྱེ་ན། སྐྱེད་བྱེད་ཀྱི་ཡུམ་དང། བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་གཉིས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས་སོ། །པཎ་ཆེན་ངག་ཆོས་ཀྱིས། རང་སྲས་འཕགས་པའི་སྐྱེད་བྱེད་དང་དེའི་བཞེད་དོན་སྒྲུབ་བྱེད་གང་རུང་དུ་གྱུར་པའི་བདག་མེད་རྟོགས་པའི་ཐེག་ཆེན་གྱི་མཁྱེན་པ་དེ་མཆོད་ཡུམ་གྱི་མཚན་ཉིད་དོ། །མིང་གི་རྣམ་གྲངས་ནི། མཆོད་ཡུམ་དང་རྒྱན་གྱི་མཆོད་བརྗོད་ཀྱི་ཡུལ་དུ་གྱུར་པའི་ཡུམ་དང་། སངས་རྒྱས་ཀྱི་ཡུམ་རྣམས་དོན་གཅིག མཚན་གཞི་ནི། བདག་མེད་རྟོགས་པའི་ཐེག་ཆེན་གྱི་ལམ་མཐའ་དག་གོ །ཞེས་རྒྱན་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། །འདིར་འཕགས་བཞི་བསྐྲུན་པར་བྱེད་པའི་ཡུམ་ནི། སངས་རྒྱས་ཀྱི་སའི་གཉིས་སུ་མེད་པའི་ཡེ་ཤེས་གཙོ་བོར་གྱུར་པའི་ཤེར་ཕྱིན་ཡིན་ཏེ། དེ་ཉིད་ཀྱིས་རིགས་ཅན་གསུམ་ལ་ཆོས་འཁོར་བསྐོར་བས་གནས་སྐབས་རང་རང་གི་རིགས་དང་མཐུན་པའི་ལམ་ཤེས་དང་། གཞི་ཤེས་ཀྱི་རྟོགས་པ་བསྐྱེད་ནས་སེམས་ཅན་གྱི་དོན་དང་། ཉེར་ཞིའི་བཞེད་པ་བསྒྲུབས་ནས་མཐར་ཐུག་རྣམ་མཁྱེན་གྱི་རྟོགས་པ་བསྐྱེད་ནས། ཆོས་འཁོར་བསྐོར་བའི་བཞེད་དོན་བསྒྲུབ་པའི་ཕྱིར་རོ། །ཞེས་རེད་མདའ་བའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། |
| Domain | ཆོས་ལུགས། |