From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མངོན་ཤེས་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། རང་གི་བདག་རྐྱེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས། རང་ཡུལ་མངོན་སུམ་དུ་མཐོང་བས་རབ་ཏུ་ཕྱེ་བའི་རིག་པ། དེ་ལ་དབྱེ་ན། ལྷའི་མིག་གི་མངོན་པར་ཤེས་པ། རྣ་བའི། གཞན་སེམས་ཤེས་པའི་དེ། སྔོན་གནས་རྗེས་དྲན་གྱི་དེ། རྫུ་འཕྲུལ་གྱི་ཡུལ་ཤེས་པའི་དེ། ཟག་པ་ཟད་པའི་མངོན་ཤེས་དང་དྲུག་ཡོད། ས་མཚམས་ནི། ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དོ།
|
| Domain
|
ཆོས་ལུགས།
|
མངོན་ཤེས་ (2)
| Part of speech
|
མིང་ཚིག
|
| Definition
|
རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞི་ལས་བྱུང་ཞིང་ཐ་མལ་པའི་དབང་པོའི་ཡུལ་ལས་འདས་པའི་དོན་མངོན་སུམ་གྱིས་རྟོགས་པ་ཙམ་གྱིས་རབ་ཏུ་ཕྱེ་བའི་ཡིད་བློར་དམིགས་པ། རང་ཉིད་མངོན་ཤེས་ཡིན་པའི་མཚན་ཉིད། གཉིས་པ་ནི། དེ་ལ་དབྱེ་ན། རྫུ་འཕྲུལ་གྱི་མངོན་ཤེེས་ནས་ཟག་པ་ཟད་པ་ཤེས་པའི་མངོན་ཤེས་ཀྱི་བར་དྲུག་ཏུ་ཡོད། རྫུ་འཕྲུལ་གྱི་ཡུལ་ཤེས་པའི་མངོན་ཤེས། ལྷའི་རྣ་བའི་དེ། སེམས་ཀྱི་རྣམ་གྲངས་ཤེས་པའི་དེ། སྔོན་གནས་རྗེས་དྲན་གྱི་དེ། འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་དེ། ཟག་པ་ཟད་པ་ཤེས་པའི་མངོན་ཤེས་རྣམས་སུ་ཡོད་པའི་ཕྱིར། དེ་དག་གང་ཟག་སུའི་རྒྱུད་ལ་ཡོད་པ་བཤད་དུ་ཡོད་དེ། དང་པོ་ལྔ་སོ་སོ་སྐྱེ་བོ་དང་ཐུན་མོང་བ་དང་། ཕྱི་མ་དགྲ་བཅོམ་པ་ཁོ་ནའི་རྒྱུད་ལ་ཡོད་པའི་ཕྱིར། དེ་རྣམས་ཀྱི་ངོ་བོ་ཡོད་དེ། རྣམ་གྲོལ་བློ་སྟེ་ཤེས་རབ་ཀྱི་རང་བཞིན་དང་། དེ་ཡང་གསུམ་པ་དང་དྲུག་པ་མ་གཏོགས་པའི་བཞི་ནི་ཀུན་རྫོབ་ཤེས་པ་ཡིན་པའི་ཕྱིར་དང་། གཞན་སེམས་ཤེས་པའི་མངོན་ཤེས་ལ་ལྔར་ཡོད་ཅིང་། ཟག་ཟད་ཀྱི་མངོན་ཤེས་ནི་སྟོབས་བཞིན་དུ་ཤེས་པ་དྲུག་གམ་བཅུས་བསྡུས་པ་ཡིན་པའི་ཕྱིར། དེ་རྣམས་ཀྱི་ཁྱད་ཆོས་བཤད་དུ་ཡོད་དེ། སའི་ཁྱད་པར། ཡུལ་གྱི་ཁྱད་པར། ཐོབ་པའི་ཁྱད་པར། དྲན་ཉེའི་ཁྱད་པར། དགེ་སོགས་ཀྱི་ཁྱད་པར་རྣམས་སུ་ཡོད་པའི་ཕྱིར་དང་། དང་པོ་ལྔ་བསམ་གཏན་གྱི་དངོས་གཞི་ན་ཡོད་པ་དང་། རང་དང་འོག་སའི་ཡུལ་ཅན་ཡིན་པ་དང་། ཚེ་རབས་གཞན་ལ་འདྲིས་པ་ནི་དངོས་གཞིའི་ཚེ་ཐོབ་པ་དང་། མ་འདྲིས་པ་ནི་སྦྱོར་བའི་ཚེ་ཐོབ་པ་དང་། གསུམ་པ་གཞན་སེམས་ཤེས་པ་ནི་དྲན་པ་ཉེར་གཞག་ཕྱི་མ་གསུམ་ལ་འཇོག་པ་དང་། རྫུ་འཕྲུལ་གྱི་མངོན་ཤེས་སོགས་གསུམ་ནི་ལུས་ནི་ལུས་དྲན་པ་ཉེར་གཞག་ལ་འཇོག་པ་དང་། མིག་དང་རྣ་བའི་མངོན་ཤེས་གཉིས་ནི་ལུང་མ་བསྟན་དང་། ལྷག་མ་རྣམས་དགེ་བར་ངེས་པའི་ཕྱིར།
|