From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མངོན་ཤེས་དྲུག་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་ཤེས་དྲུག་གམ། མངོན་པར་ཤེས་པ་དྲུག་ནི། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མེ་ལས། མངོན་པར་ཤེས་པ་དྲུག་སྟེ། ལྷའི་མིག་གི་མངོན་པར་ཤེས་པ་དང་། ལྷའི་རྣ་བའི་མངོན་པར་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། རྫུ་འཕྲུལ་གྱི་བྱ་བ་ཤེས་པ་དང་། ཟག་པ་ཟད་པའི་མངོན་པར་ཤེས་པའོ། །ཞེས་གསུངས།
|
| Domain
|
ཆོས་ལུགས།
|
མངོན་ཤེས་དྲུག་ (2)
| Part of speech
|
མིང་ཚིག
|
| Definition
|
རྫུ་འཕྲུལ་གྱི་མངོན་ཤེས། ལྷའི་རྣ་བའི་མངོན་ཤེས། ཕ་རོལ་སེམས་ཤེས། སྔོན་གནས་རྗེས་སུ་དྲན་གྱི་མངོན་ཤེས། འཆི་འཕོ་སྐྱེ་ཤེས་ཀྱི་མངོན་ཤེས། ཟག་ཟད་ཀྱི་མངོན་ཤེས་ཏེ་དྲུག་གོ། །སེར་སྨད་རྒྱལ་དབང་མཛོད་ལས། འོ་ན། ལྷའི་མིག་གི་མངོན་ཤེས་དང་བདུན་དུ་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། ལུགས་འདིར་ལྷའི་མིག་གི་མངོན་ཤེས་དེ་འཆི་འཕོ་སྐྱེ་ཤེས་ཀྱི་མངོན་ཤེས་ཀྱི་ཁོངས་སུ་བསྡུས་པར་འདོད་པར་སྣང་སྟེ་འོག་ཏུ་འཆད་དོ། །ཞེས་གསུངས།
|