51861

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངོན་སུམ་གྱི་བྲལ་བྱ་རྟོག་པ་ (1)
Part of speech མིང་ཚིག
Definition མངོན་སུམ་གྱི་བྲལ་བྱ་རྟོག་པ་ནི། སྒྲ་དོན་འཛིན་པའི་རྟོག་པ་སྟེ། རྣམ་འགྲེལ་ལས། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་ཡིན། །ཞེས་དང་། རྣམ་ངེས་ལས། རྟོག་པ་ནི་བརྗོད་པ་དང་འདྲེ་རུང་བའི་ཤེས་པ་སྟེ། ཞེས་གསུངས་སོ། །མདོར་ན། འདིར་བསྟན་གྱི་བྲལ་བྱ་རྟོག་པའི་མཚན་ཉིད། སྒྲ་དོན་འདྲེས་པ་འཛིན་པའི་དང་། སྒྲ་དོན་འདྲེས་རུང་འཛིན་པའི་དང་། སྒྲ་དོན་འཛིན་པའི་དང་། དོན་སྤྱི་འཛིན་པའི་ཞེན་བློ་རྣམས་ཁྱད་པར་མེད་པར་ཤེས་པར་བྱའོ། །དེ་དང་བྲལ་བའི་ཚུལ་ནི། རང་ལྡོག་ལ་རྟོག་པའི་མཚན་ཉིད་མི་ལྡན་པ་སྟེ། དེའི་དོན་ཡང་རང་མཚན་གཞིར་བཟུང་བའི་ཚེ་སྔར་གྱི་མཚན་ཉིད་དེ་མ་ཚང་བའོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
Domain ཚད་མ།