51864
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། མངོན་སུམ་གྱི་ཞི་བྱེད་བརྒྱད་ནི། པཎ་ཆེན་འདུལ་བ་ལས། རྒོལ་ཕྱི་རྒོལ་གཉིས་ཀྱི་མངོན་སུམ། གཟུ་བོའི་མངོན་གསུམ། དགེ་འདུན་བཞི་པོའི་མངོན་སུམ། གསལ་བའི་མངོན་སུམ། གསལ་བའི་གསལ་བའི་མངོན་སུམ། དགེ་འདུན་གཞན་གྱི་མངོན་སུམ། སྡེ་སྣོད་འཛིན་པའི་མངོན་སུམ། གནས་བརྟན་མཐུ་དང་ལྡན་པའི་མངོན་སུམ་རྣམས་སུ་ཡོད་པའི་ཕྱིར། ཞེས་གསུངས། རྩོད་པ་ཇི་ལྟར་ཞི་བར་བྱེད་ཚུལ་ནི། པཎ་ཆེན་འདུལ་བ་ལས། དང་པོར་རྒོལ་ཕྱི་རྒོལ་གཉིས་ཀྱི་མངོན་སུམ་གྱིས་རྩོད་པ་དེ་ཞི་བར་བྱེད། དེས་མ་ཞི་ན་ཕྱོགས་སུ་མ་ལྷུང་ཞིང་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་གཞན་ལ་རག་མ་ལས་པའི་དགེ་སློང་གཟུ་བོར་བསྐོས་པ་ཞིག་གིས་ཞི་བར་བྱེད། དེས་ཞི་མ་ནུས་ན་དགེ་འདུན་བཞི་བོའི་མངོན་སུམ་གྱིས་ཞི་བར་བྱེད་དེས་མ་ཞི་ན་གཟུ་བོ་ལས་ཡོན་ཏན་གསལ་བ་སྟེ་ལྷག་པའི་དགེ་འདུན་བཞི་ཡན་ཆད་བསྐོས་པས་ཞི་བར་བྱེད། དེས་མ་ཞི་ན་གསལ་བ་དེ་ལས་ཡོན་ཏན་ཆེས་གསལ་བ་སྟེ་ལྷག་པའི་དགེ་འདུན་བཞི་ཡན་ཆད་བསྐོས་པས་ཞི་བར་བྱེད། དེས་མ་ཞི་ན་གསལ་བའི་གསལ་བ་དེས་གསལ་བའི་དགེ་སློང་རྣམས་ལ་གཏད། དེས་དགེ་འདུན་བཞི་བ་ལ་གཏད། དེས་རྩོད་པ་སྦེད་པར་བསྐོས་པའི་དགེ་སློང་ཞིག་ལ་གཏད། དེས་དགེ་འདུན་གྱི་སྡེ་གཞན་ལ་ལོ་རྒྱུས་བརྗོད་ནས་ཟླ་བ་གསུམ་གྱི་བར་དུ་ཕུལ་ཏེ་དེའི་མངོན་སུམ་གྱིས་ཞི་བར་བྱེད། དེས་མ་ཞི་ན་རྩོད་པ་སྦེད་པ་པོ་ལ་གཏད་དེ། དེས་སྡེ་སྣོད་འཛིན་པ་ལ་ཟླ་བ་དྲུག་གི་བར་དུ་ཕུལ་ནས་དེའི་མངོན་སུམ་གྱིས་ཞི་བར་བྱེད། དེས་མ་ཞི་ན་ཡང་རྩོད་པ་སྦེད་པ་པོ་ལ་གཏད། དེས་གནས་བརྟན་མཐུ་དང་ལྡན་པ་ལ་དུས་ཐུག་པ་མེད་པར་ཕུལ་ནས་དེའི་མངོན་སུམ་གྱིས་ཞི་བར་བྱེད་པ་ཡིན་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |