51880
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། ཡུལ་སོ་སོ་ལ་ལྟོས་ནས་མངོན་སུམ་དངོས་བཏགས་སུ་འགྱུར་ཚུལ་ཡོད་དེ། སྔོན་པོ་དེ་སྔོན་འཛིན་དབང་པོའི་མངོན་སུམ་ལྟ་བུ་ལ་ལྟོས་ཏེ་མངོན་སུམ་མཚན་ཉིད་པ། མངོན་སུམ་ཚད་མ་བཏགས་པ་བ། སྔོན་འཛིན་དབང་མངོན་ཚད་མ་དེ་སྔོན་པོ་ལ་ལྟོས་ཏེ་མངོན་སུམ་ཚད་མ་མཚན་ཉིད་པ། དེ་ལ་ལྟོས་ཏེ་མངོན་སུམ་བཏགས་པ་བར་འཇོག་པའི་ཕྱིར། ཞེས་གསུངས། |
| Domain | ཚད་མ། |