51884

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངོན་སུམ་མ་འཁྲུལ་བ་ (1)
Part of speech མིང་ཚིག
Definition མ་འཁྲུལ་བ་ནི། རྣམ་ངེས་ལས། དེ་ལ་མ་འཁྲུལ་བ་ནི་རབ་རིབ་དང་། མྱུར་དུ་བསྐོར་བ་དང་། གྲུར་ཞུགས་པ་དང་འཁྲུལ་པ་ལ་སོགས་པས་འཁྲུལ་པར་མི་སྐྱེད་ཅིང་། ཞེས་གསུངས་པ་ལྟར། དབང་པོ་དང་། ཡུལ་དང་། བྱ་བ་ལ་སོགས་པའི་འཁྲུལ་རྒྱུས་འཁྲུལ་པར་མི་སྐྱེད་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
Domain ཚད་མ།