51888

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངོན་སུམ་ཚད་མ་ (1)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། མངོན་སུམ་ཚད་མའི་མཚན་ཉིད། རྟོག་བྲལ་མ་འཁྲུལ་བ་གང་ཞིག ། རང་ཡུལ་གསར་དུ་རྟོགས་པའི་བློ། ཞེས་གསུངས།
Domain ཚད་མ།
མངོན་སུམ་ཚད་མ་ (2)
Part of speech མིང་ཚིག
Definition ཚད་མ་ལ་གཉིས་ཡོད་པའི་ཡ་གྱལ་ཞིག་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། རང་གི་རྟེན་རྟགས་ཡང་དག་ལ་དངོས་སུ་མ་བརྟེན་པར་རང་གི་གཞལ་བྱའི་གཙོ་བོ་མངོན་སུམ་པ་ལ་མི་སླུ་བའི་རིག་པ། མངོན་སུམ་ཚད་མའི་མཚན་ཉིད། དེ་ལ་དབྱེ་ན། དབང་པོའི་མངོན་སུམ་ཚད་མ། ཡིད་ཀྱི་མངོན་སུམ་ཚད་མ། རྣལ་འབྱོར་མངོན་སུམ་ཚད་མ་དང་གསུམ། ཞེས་གསུངས།