From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀྱིས་ (1)
| Part of speech
|
ཕྲད་ཚིག
|
| Definition
|
བྱེད་པའམ་བྱེད་པ་པོ་སྟོན་བྱེད་ཀྱི་ཕྲད་ཅིག་སྟེ། སྦྱོར་ཚུལ་ནི་སྔ་མའི་རྗེས་འཇུག་ད་བ་ས་གསུམ་གྱི་མཐར་ཀྱིས་སྦྱོར་དགོས།
|
| Keyword
|
True
|
| Example
|
ཁབ་ཀྱིས་ཕིག ཤེས་རབ་ཀྱིས་རྟོགས་ལྟ་བུ།
|
ཀྱིས་ (2)
| Part of speech
|
ཕྲད་ཚིག
|
| Definition
|
བྱེད་པ་པོ་དངོས་མིན་ཡང་ས་ཆུ་མེ་རླུང་སོགས་རང་བྱུང་ཁམས་ཀྱི་དངོས་པོ་དག་གིས་བྱ་བ་གང་ཞིག་བྱེད་པ་སྟོན་བྱེད་ཀྱི་ཕྲད་ཅིག་སྟེ། སྦྱོར་ཚུལ་ནི་སྔ་མའི་རྗེས་འཇུག་ད་བ་ས་གསུམ་གྱི་མཐར་ཀྱིས་སྦྱོར་དགོས།
|
| Keyword
|
True
|
| Example
|
རླབས་ཀྱིས་ཁྱེར་ལྟ་བུ།
|
ཀྱིས་ (3)
| Part of speech
|
ཕྲད་ཚིག
|
| Definition
|
བྱ་བའི་ཁྱད་པར་གསལ་བྱེད་ལ་འཇུག་སྟེ། སྦྱོར་ཚུལ་ནི་སྔ་མའི་རྗེས་འཇུག་ད་བ་ས་གསུམ་གྱི་མཐར་ཀྱིས་སྦྱོར་དགོས།
|
| Keyword
|
True
|
| Example
|
དགྲ་ལ་ཤུགས་ཀྱིས་རྒོལ། ཡི་གེ་ཤེད་ཀྱིས་འདོན་ལྟ་བུ།
|
ཀྱིས་ (4)
| Part of speech
|
ཕྲད་ཚིག
|
| Definition
|
ཚད་སྟོན་བྱེད་ཀྱི་ཕྲད་སྟེ། སྦྱོར་ཚུལ་ནི་སྔ་མའི་རྗེས་འཇུག་ད་བ་ས་གསུམ་གྱི་མཐར་ཀྱིས་སྦྱོར་དགོས།
|
| Keyword
|
True
|
| Example
|
ཁྲུ་གཉིས་ཀྱིས་རིང། སོར་བརྒྱད་ཀྱིས་ཐུང་ལྟ་བུ།
|