5191

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁུ་དངོས་གྲུབ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་པའི་དུས་སྨད་དུ་འཁྲུངས། བོད་ཡུལ་ནས་ཐོག་མར་མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། ཕྱིས་སུ་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས། པཎ་གྲུབ་མང་པོའི་ཞབས་ལ་གཏུགས། མདོ་སྔགས་གཉིས་ཀའི་ཆོས་ལ་སློབ་གཉེར་ལེགས་པར་མཛད། ལེགས་སྦྱར་གྱི་སྐད་ལ་ཡང་བྱང་ཆུབ་པར་གནང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་ལེའུ་གཉིས་ཙམ་བསྒྱུར་ཞིང་། སླད་ནས་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ཞུས་ཤིང་གཏན་ལ་ཕབ་ཅེས་འགྱུར་བྱང་དུ་འཁོད་འདུག། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་ཕག་མོ་མངོན་པར་བརྗོད་པ་བཤད་པའི་རྒྱུད་ཕྱི་མ་ལས་ཕག་མོ་མངོན་པར་བྱང་ཆུབ་པ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་ལེའུ་གཉིས། བསྟན་འགྱུར་ལས་བུང་བ་འདོད་པའི་སྒྲུབ་ཐབས་བདུད་རྩི་འབྱུང་བའི་གཏོར་མའི་ཆོ་ག ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན་བཅས་བཞུགས།