From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཆན་ (1)
| Part of speech
|
མིང་ཚིག
|
| Definition
|
དཔེ་ངོས་ཀྱི་དཀའ་གནད་ཁག་མི་བརྗེད་པའི་ཆེད་དུ་རྩ་བའི་ཚིག་གི་འོག་ཏུ་ཡིག་ཆུང་བྲིས་ནས་འགྲེལ་བཤད་བརྒྱབ་ཡོད་པ་དང་། རྩ་བའི་ཚིག་ངོས་ཀྱི་གནད་དོན་ཁག་ཁ་ཇེ་གསལ་དུ་གཏོང་སླད་དེབ་ཀྱི་གཤམ་དུ་ཡིག་ཆུང་བྲིས་ནས་འགྲེལ་བཤད་བྱས་ཡོད་པ་བཅས་ལ་གོ །
|
| Example
|
དགེ་རྒན་གྱིས་དཔེ་ཁྲིད་བྱེད་སྐབས་མཆན་བཏབ། ལུང་དེ་ཚོ་གང་ནས་དྲངས་པའི་ཁུངས་རྣམས་མཆན་གྱི་ནང་དུ་ཁ་གསལ་པོ་འབྲི་དགོས་ལྟ་བུ།
|
མཆན་ (2)
| Part of speech
|
མིང་ཚིག
|
| Definition
|
ལས་ཀ་ཞིག་བྱ་ཆོག་པའམ་བྱ་རྒྱུར་གཞུང་གིས་དགག་བྱ་མེད་ཟེར་ནས་ངོས་ལེན་དང་མོས་མཐུན་བྱས་པ་སྟེ།
|
| Example
|
སྨན་ཁང་གསར་རྒྱག་བྱ་རྒྱུར་ཆོག་མཆན་ཐོབ་སོང་ལྟ་བུ།
|
མཆན་ (3)
| Part of speech
|
མིང་ཚིག
|
| Definition
|
མཆན་ཁུང་གི་བསྡུས་མིང་སྟེ། དཔུང་རྩའི་འོག་གི་ཀོང་ཀོང་།
|
| Example
|
དཔེ་ཆ་མཆན་འོག་ཏུ་བཅུག་ནས་སོང་ལྟ་བུ།
|