From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཆིག་ (1)
| Part of speech
|
མིང་ཚིག
|
| Definition
|
ཆུའི་ནུས་ཤུགས་ལ་བརྟེན་ནས་ཕྱེ་དང་རྩམ་པ་འཐག་ས་སྟེ། རང་འཐག་གམ་ཆུ་སྐོར་ཡང་ཟེར། ཚེ་ཏན་ཞབས་དྲུང་གིས་ཐོན་མིའི་དགོངས་རྒྱན་དུ་རང་འཐག་གི་ཡས་རྡོ་དང་མས་རྡོ་ལ་ངོས་འཛིན་བྱས་ཡོད་པ་དང་། དུང་དཀར་ཚིག་མཛོད་དུ་ཡོས་འཐག་བྱེད་ཀྱི་ལག་སྐོར་གྱི་འོག་གི་རྡོ་ལེབ་ལ་ངོས་འཛིན་བྱས་ཡོད།
|
| Example
|
ཚན་རྩལ་དར་རྒྱས་སོང་ནས་མཆིག་བེད་སྤྱོད་མཁན་ཇེ་ཉུང་དུ་གྱུར་ལྟ་བུ།
|
མཆིག་ (2)
| Part of speech
|
མིང་ཚིག
|
| Definition
|
ཆུ་ནང་དུ་འཚོ་བའི་སྲོག་ཆགས་མཆིག་དང་དབྱིབས་འདྲ་བོ་ཡོད་པའི་རིགས་ཤིག་གི་མིང་།
|