51954

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆིངས་ཡོན་ཏན་འབར་བ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཅིག་པའི་སྟོད་དུ་འཁྲུངས། བོད་ཡུལ་དུ་ཐོག་མར་སློབ་གཉེར་གནང། ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་པཎ་གྲུབ་མང་པོ་བསྟེན། མདོ་སྔགས་ཀྱི་གཞུང་ལ་ཐུགས་བརྩོན་གནང། ལེགས་སྦྱར་གྱི་སྐད་ལ་བྱང་བའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་དཔལ་ཁྲག་འཐུང་མངོན་པར་འབྱུང་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཞི་བཅུ་རྩ་ལྔ་པ་དང་། རྣལ་འབྱོར་མ་བཞིའི་ཁ་སྦྱོར་བའི་རྒྱུད་བརྟག་པ་བདུན་པ། བསྟན་འགྱུར་ལས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག དཔལ་རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་རྒྱ་ཆེར་འགྲེལ་བ་བདུད་རྩིའི་འཛག་པ། བརྟན་པའི་ནོར་ཐམས་ཅད་པའི་སྒྲུབ་ཐབས། མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བ་གྲགས་པའི་ཆ། ཆོས་རྣམ་པར་ངེས་པ་རབ་ཏུ་བྱེད་པ་བཅས་བཞུགས།