51962

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆིན་དྲི་ (1)
Part of speech མིང་ཚིག
Definition མཆིན་པའི་དྲི་མ་ཞེས་པའི་བསྡུས་ཚིག་ཡིན།
Example མཆིན་དྲི་བྲོ་ཡི་འདུག་ལྟ་བུ།
མཆིན་དྲི་ (2)
Part of speech མིང་ཚིག
Definition བྱང་ཁོག་སྟོད་སྨད་གཉིས་ཀྱི་བར་གཅོད་བྱེད་ཀྱི་སྐྱི་མོ་ཡོལ་བ་ལྟ་བུ་དེའི་མིང་སྟེ། བཤད་པ་སྐུའི་རྒྱུད་ཅེས་པ་ལས། མཆིན་དྲི་དར་གྱི་ཡོལ་བ་བཀྲམ་པ་འདྲ། ཞེས་གསུངས། དེ་ལ་མདོག་གི་སྒོ་ནས་དབྱེ་མཆིན་དྲི་དཀར་པོ་དང་། མཆིན་དྲི་ནག་པོ། མཆིན་དྲི་ཁྲ་བོ་བཅས་རིགས་གསུམ་ཡོད།