51977
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་ངོ་མང་པོ་སྐྱེ་བའི་སྡོང་པོའི་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ལ། སྡོང་པོ་ཆེ་ཞིང་དྲང་བ། མདོག་སྐྱ་བོ། ཡལ་ག་དང་ཡལ་ཕྲན་མང་པོ་གྱེས་པ་དང༌། ལོ་མའི་ཁ་དོག་ལྗང་སྐྱ་སྲབ་ཅིང་སྲན་མའི་ལོ་མ་འདྲ་བ། འོན་ཀྱང་དེ་ལས་ཆེ་ཞིང་ངར་པ་རིང་བ་རིམ་པས་ཁ་སྤྲོད་དུ་སྐྱེ་བ། མེ་ཏོག་སེར་པོ་སྲན་མའི་མེ་ཏོག་གི་དབྱིབས་འདྲ་བ་ལོ་མ་དང་ཡལ་གའི་མཚམས་ནས་འཆར་ཞིང༌། གང་བུ་མཁྲེགས་ཤིང་རིང་བ་སྐྱི་ལྤགས་ཀྱི་རྒྱུའི་ནང་འབྲས་བུ་དམར་སྨུག་སྒོར་ལ་ལེབ་ཅིང་དཔངས་ཅུང་ཟད་མཐོ་བ་མཆིན་པ་འདྲ་བ་སྟེ། སྐྱེ་གནས་ཀོང་ཤི་དང་། ཀོང་ཏུང༌། ཐེ་ཝན་སོགས་དང༌། དེ་མིན་རྒྱ་གར་སོགས་ཚད་པ་ཆེ་བའི་ནགས་གསེབ་དང་། བོད་ཀྱི་མེ་ཏོག་རྫོང་སོགས་ཚ་བ་ཆེ་བའི་ཡུལ་གྲུའི་ཤིང་ནགས་གསེབ་ཏུ་མང་པོ་སྐྱེ་བ་དང༌། བོད་ཟླ་བརྒྱད་པ་ཙམ་ལ་འབྲས་བུ་བཏོན་དགོས་པས། བེད་སྤྱོད་སྐབས་བྱེ་མའི་ནང་ཡོས་ལྟར་བརྔོས་ནས་རྗེན་དྲི་སངས་རྗེས་ཕྱི་པགས་དོར་ནས་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་ཡང་ཞིང་དྲོ་ལ་སྐམ་པ། ནུས་པས་མཆིན་ཚད་དང༌། མཆེར་ཚད། མཆིན་དུག རྩ་དཀར་གྱི་ནད་སོགས་ལ་ཕན་པ་ཡིན། |