51979
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྐྱ་རྦབ་ནད་ཀྱི་དབྱེ་བ་ལྔའི་ཡ་གྱལ་ཏེ། ངོ་བོ་ཁ་ཟས་ཀྱི་དྭངས་མ་མ་ཞུ་བ་མཆིན་པར་གནས་པ་དེ་ཟུངས་སུ་མ་འགྱུར་བར་དྭངས་སྙིགས་འདྲེས་པའི་ཆུ་སེར་ཆེར་འཕེལ་བ་ཁྱབ་བྱེད་རླུང་གིས་ལུས་ཀུན་ལ་ཁྱབ་པར་གཏོར་བ་ལས་བྱུང་བ་ཞིག་ཡིན་ཞིང༌། ནད་རྟགས་སུ་མིག་སྤྲིན་དང༌། ཤ་མདངས། དྲི་ཆུ་རྣམས་སེར་པོར་འོང་བ་ཡིན་ནོ། ། |
| Domain | གསོ་རིག |