51997

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆིམས་བློ་བཟང་གྲགས་པ་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ས་ཕག་ཕྱི་ལོ་ ༡༢༩༩ ལོར་མྱང་སྟོད་སྨོན་འགྲོའི་ཁ་འུར་འཁྲུངས། མཁན་ཆེན་འདུལ་འཛིན་གྲགས་པ་བརྩོན་འགྲུས་དང་། མཁན་ཆེན་གྲགས་པ་ཤེས་རབ། རྒྱང་རོ་བྱང་འབུམ་སོགས་བཤེས་གཉེན་དུ་བསྟེན། བཀའ་གདམས་པའི་གདམས་ངག་མ་ལུས་པ་ཐུགས་སུ་ཆུད་པར་མཛད། རབ་བྱུང་དྲུག་པའི་མེ་གླང་ཕྱི་ལོ་ ༡༣༣༧ ལོ་སྣར་ཐང་གི་གདན་སར་བྱོན། སྣར་ཐང་གི་གདན་ས་ལོ་སོ་དགུའི་རིང་བསྐྱངས། འཆད་རྩོད་རྩོམ་པའི་ལམ་ནས་བཀའ་གདམས་ཀྱི་བསྟན་པ་སྤེལ། ཆོས་རྗེ་དོན་གྲུབ་རིན་ཆེན་ལ་མདོ་སྨད་དུ་རྗེ་ཙོང་ཁ་པ་འཁྲུངས་པའི་ལུང་བསྟན། །ངའི་མིང་འདི་ཐོགས་ཞེས་བཀའ་སྩལ། གཞན་ཡང་ཆོས་སྡེར་ས་ཁྲིམས་དང་། ཕམ་པ་མི་བསྟེན་པ་ལ་སོགས་པའི་ཁྲིམས་དམ་པར་མཛད། རབ་བྱུང་དྲུག་པའི་ཤིང་ཡོས་ཕྱི་ལོ་ ༡༣༧༥ ལོར་སྐུ་གཤེགས། གདུང་རྟེན་ནི་བཀྲ་ཤིས་སྒོ་མང་ཆེན་པོ་དེ་ཡིན། དཔལ་སྣར་ཐང་དགོན་པའི་གདན་རབས་བཅུ་གཉིས་པ་ཡིན། །