52002
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བདུན་པའི་སྟོད་དུ་འཁྲུངས། རྒྱལ་པོ་སྲོང་བཙན་སྒམ་པོའི་ཞང་བློན། སྟག་རི་གཉན་གཟིགས་ཀྱི་ཡུམ་མཆིམས་བཟའ་ཀླུ་རྒྱལ་གྱི་རིགས་རུས་ལ་གཏོགས། གཡོ་རུ་སྨད་ཀྱི་རུ་དཔོན་ཡིན། དཔའ་ཟླ་སོ་གད་གཉའ་བཤེར་ལྷ་ཀླུ། རུ་རྟ་མཚལ་ལུ་རྟིང་དཀར། རུ་དར་དར་དཀར་སྙིང་ནག ཡིག་ཚང་ཟངས། གཡོ་རུ་སྟོད་སྨད་ཀྱི་སྟོང་སྡེའི་དམག་གི་བཞེད་ནི་མཚོ་ལ་སྦྲང་ཆར་བབས་པ་བཞིན་དུ་འོང་སྐད། |