From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཆིལ་བ་ (1)
| Part of speech
|
མིང་ཚིག
|
| Definition
|
ཁང་པའི་བྱ་འདབ་འོག་ཏུ་ཚང་བཅས་ནས་སྡོད་མཁན་གྱི་བྱེའུ་ཞིག་ཡིན་ལ། ཆེ་ཆུང་གི་ཚད་ན་ཁྱིམ་བྱའི་སྒོ་ང་ཙམ་ཡོད་ཅིང་སྒྲོ་མདོག་སྐྱ་བོ་ལ་སྨུག་ཐིག་ཅུང་ཟད་ཡོད་པ། གྲག་པའི་ཚེ་ཀྱུར་ཀྱུར་ཞེས་གྲག་ཅིང་། ཡུལ་སྐད་དུ་ཁང་བྱེའུ་ཟེར།
|
| Example
|
བྱ་འདབ་ཀྱི་འོག་ཏུ་བྱེའུ་མཆིལ་བའི་ཚང་བཅས་འདུག་ལྟ་བུ།
|
མཆིལ་བ་ (2)
| Part of speech
|
མིང་ཚིག
|
| Definition
|
ལྕགས་ཀྱུའི་མིང་སྟེ། བརྡ་གསར་རྙིང་བྱེ་བྲག་རྟོགས་བྱེད་ལས། མཆིལ་བ་ཞེས་པ་ཉ་འཛིན་པའི། །ལྕགས་ཀྱུའི་མིང་དུ་ཤེས་པར་བྱ། །ཞེས་དང༌། སྤྱོད་འཇུག་ལས། ཉོན་མོངས་ཉ་པས་བཏབ་པ་ཡི། །མཆིལ་བ་འདི་ནི་མི་བཟད་གཟེབ། །ཅེས་གསུངས།
|
| Type
|
བརྡ་རྙིང་།
|