52012

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆིལ་ལྷམ་ (1)
Part of speech མིང་ཚིག
Definition སྔར་རྒྱ་གར་དུ་རབ་བྱུང་བ་ཚོས་རྐང་པ་ལ་རྨ་མི་བཟོ་བའི་ཆེད་དུ་གྱོན་རྒྱུའི་ལྷམ་ཞིག
Example འདུལ་བ་གཞི་ལས། དགེ་སློང་དེས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། མཆིལ་ལྷམ་གཉིས་ཕུད་ནས་ཞེས་པ་ལྟ་བུ།
མཆིལ་ལྷམ་ (2)
Part of speech མིང་ཚིག
Definition ལྷམ་སྤྱིའི་མིང་སྟེ།
Example དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས། མཆིལ་ལྷམ་ཞེས་བྱ་བ་ནི་ལྷམ་མོ། །ཞེས་དང་། གནས་མལ་བསྲུང་བའི་ཕྱིར་རིམ་གཅིག་པའི་མཆིལ་ལྷམ་བཅང་བར་བྱའོ། །རིམ་གཉིས་པ་མ་ཡིན། རིམ་གསུམ་པ་མ་ཡིན། གལ་ཏེ་རྡོལ་བར་གྱུར་ན། ལྷན་པས་བཏབ་སྟེ་བཅང་བར་བྱའོ། །ཞེས་པ་ལྟ་བུ།