52014
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གླེང་གཞི་ནི་གཙུག་དགའ་མོས་ལོངས་སྤྱོད་དུ་གྱུར་པའི་མཆིལ་ལྷམ་གྱོན་པ་ལས་སོ། །དགག་བྱ་ནི་ལོངས་པ་འཕེལ་བའོ། །དགེ་སློང་མས་ལོངས་སྤྱོད་དུ་གྱུར་པའི་མཆིལ་ལྷམ་གྱོན་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཊཱིཀ་ལས་ལོངས་སྤྱོད་དུ་གྱུར་པའི་མཆིལ་ལྷམ་གྱོན་པ་ལ་ཞེས་བཤད་ཅིང་། མའི་སོ་ཐར་འགྲེལ་པ་ལས་དགེ་སློང་མ་གང་མཆིལ་ལྷམ་ཁྲ་བོ་གྱོན་ན་ལྟུང་བྱེད་ཞེས་བཤད་དོ། །ལོངས་སྤྱོད་དུ་གྱུར་པ་མ་ཡིན་པའི་མཆིལ་ལྷམ་ནི་ཡུལ་དབུས་སུ་རྐང་པ་བསྐྱབ་པའི་ཕྱིར་ན་ཉེས་བྱས་སུ་འགྱུར་ལ། གནས་མལ་བསྲུང་འི་ཕྱིར་དུ་ནི་ལྟུང་བ་མེད་དོ། །མཐའ་འཁོབ་ཏུ་ནི་རྐང་པ་བསྐྱབ་པའི་དོན་དུ་ཡང་ཉེས་པ་མེད་དོ། །ཞེས་བླ་མ་རྣམས་གསུང་ངོ་། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །ལོངས་སྤྱོད་བྱེད་ཅིང་མཆིལ་ལྷམ་གྱོན་པ་ཉམས་སུ་མྱོང་བར་བྱེད་པ་སྟེ། ལོངས་སྤྱོད་འཆོས་པ་ཉིད་ལས་གྱུར་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |