52020

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆིས་འབྲང་ (1)
Part of speech མིང་ཚིག
Definition ཁྱིམ་མམ་ཁང་པའི་མིང་སྟེ། དཔེར་ན་ལུང་ཕྲན་ཚེགས་ལས། རྒན་ཞུགས་ཁྱོད་ག་ལས་འོངས། དེས་སྨྲས་པ། སློབ་དཔོན་བདག་སྔོན་གྱི་མཆིས་འབྲང་ཞིག་མཆིས་པ་ལྟར་མཆིས་ཏེ། བདག་དེ་ནས་མཆིས་སོ། །ཞེས་གསུངས་པ་ལྟར་རོ། །
མཆིས་འབྲང་ (2)
Part of speech མིང་ཚིག
Definition ཆུང་མའམ་བུད་མེད་ཀྱི་མིང་སྟེ། དཔེར་ན་འདུལ་བ་ལུང་གཞི་ལས། ཁྱིམ་བདག་སངས་རྒྱས་འཚོས་སྨྲས་པ། འཕགས་པ་བདག་གི་མཆིས་འབྲང་འདི་ལ་སེམས་ཅན་ཞིག་ཞུགས་པར་གྱུར་གྱི། གལ་ཏེ་བུ་ཕོ་ཞིག་བཙས་པར་གྱུར་ན་དེ་བདག་གིས་འཕགས་པའི་སླད་བཞིན་འབྲང་བའི་དགེ་སྦྱོང་དུ་འབུལ་ལོ། །དེས་སྨྲས་པ། ཁྱིམ་བདག་ཐབས་ཡིན་ནོ། །