52022

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆུ་ (1)
Part of speech མིང་ཚིག
Definition མི་དང་སྒོ་ཕྱུགས་ཀྱི་ཁ་ཤ་སྟེ།
Example མས་མཆུ་སྟེང་ལ་སྨེ་ཐིག་ཡོད་པའི་སྐྱེས་པ་དེ་སུ་རེད་དང་། འབྲི་མཆུ་དཀར་མ་དེ་ད་ལོ་བོར་སོང་ལྟ་བུ།
མཆུ་ (2)
Part of speech མིང་ཚིག
Definition བྱ་དང་བྱེའུའི་ཁའི་རུས་པ་གྱོང་ཞིང་རྣོ་བ་དེ་ལ་ཟེར།
Example སྐྱུང་ཀ་མཆུ་དམར་འཕུར་རྩལ་བདེ་ལྟ་བུ།
མཆུ་ (3)
Part of speech མིང་ཚིག
Definition སྣོད་ཀྱི་ནང་གི་ཇ་དང་ཆུ་སོགས་ཕྱི་ལ་ལྡུག་བྱེད་ཀྱི་ཁ་ཅུང་ཟད་གུག་ཅིང་རྩེ་མོ་ཕྲ་བ་དེའི་མིང་།
Example ཇ་དེམ་གྱི་མཆུ་འགག་འདུག བུམ་པའི་མཆུ་ལྟ་བུ།
མཆུ་ (4)
Part of speech མིང་ཚིག
Definition རྒྱུ་སྐར་ཉེར་བརྒྱད་ཀྱི་ནང་གི་སྐར་ཚོགས་ཤིག་སྟེ། སྐར་མ་དྲུག་ཡོད་པ་དང་། དབྱིབས་ནི་ཆུ་བོ་ལྟ་བུ་ཡོད་ཅིང་། ལེགས་སྦྱར་གྱི་སྐད་དུ་དུ་མ་གྷ་ཟེར།
Domain རྩིས་རིག