From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁུ་བ་འབྱིན་པའི་དགེ་འདུན་ལྷག་མ་ (1)
| Part of speech
|
མིང་ཚིག
|
| Definition
|
འདུལ་བ་གཞུང་དམ་པའི་སྡེ་ཚན་ཞིག བཀའ་འགྱུར་འདུལ་བ་ན་པར་བཞུགས།
|
ཁུ་བ་འབྱིན་པའི་དགེ་འདུན་ལྷག་མ་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། འདུལ་བ། ལྷག་མ་བཅུ་གསུམ་གྱི་ནང་གསེས་ཤིག་སྟེ། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་རང་གི་ས་བོན་ཕྱུང་བ་ལས་དགེ་འདུན་ལྷག་མར་བཅས་པའོ། །དགག་བྱ་ནི་ས་བོན་གྱིས་བསྐྱེད་པའི་འདོད་ཆགས་འཕེལ་བའོ། །ངོ་ཏི་རང་གི་ཡན་ལག་ལ་དབྱུང་སེམས་ཀྱིས་འབྱིན་བྱེད་མཚན་ཉིད་དང་ལྡན་པས་རེག་ཅིང་བརྩལ་བས་ཁུ་བ་དང་པོའི་གནས་ནས་འཕོས་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། འདི་ལ་བཞི་ལས། གཞི་ལ་གང་དབྱུང་བ་རང་གི་ཁུ་བ་ཡིན་པ་དང། དང་པོའི་གནས་ན་གནས་པ་དང། ཐ་སྙད་བྱར་ཡོད་པའི་ཚད་དུ་ལོངས་པ། གང་ལ་དབྱུང་བ་སྐྱེས་པའི་ཡན་ལག་རྣམ་པ་ཡིན་པ། གང་གིས་དབྱུང་བ་སེམས་ཅན་དུ་བགྲངས་པ་དང་དེའི་རྣམ་པར་གནས་པའོ། །བསམ་པའི་ཡན་ལག་ལ། འདུ་ཤེས་འཁྲུལ་མ་འཁྲུལ་འདྲ། ཀུན་སློང་ཁུ་བ་ཕྱུང་བའི་འདུན་པ་རྒྱུན་ལྡན་ནོ། །སྦྱོར་བ་རེག་ཅིང་བརྩལ་བར་ཞུགས་པ། མཐར་ཐུག་སྦུབས་སུ་འོངས་ཤིང་བདེ་བ་མྱོང་བའོ། །ཞེས་ཀུན་མཁྱེན་གོ་རམས་པས་འདུལ་བའི་སྤྱི་དོན་ལས་གསུངས་སོ། ། མཚན་གཞི་ནི། བཅས་ལྡན་དགེ་སློང་གིས་རྨ་སྒོ་གསུམ་པོ་གང་རུང་ལས་གཞན་པའི་རང་ངམ་གཞན་གྱི་ཡན་ལག་སོགས་སེམས་ཅན་དུ་བགྲངས་པས་དབང་པོ་དྲུད་དེ་བསམ་བཞིན་དུ་ཆགས་སེམས་ཀྱིས་རང་གི་ཁུ་བ་འབྱིན་པའི་དངོས་གཞིའི་ཁ་ན་མ་ཐོ་བ་ནི་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མའི་ལྟུང་བ་ཡིན་ཏེ། ཚིག་ལེ་ལས། རྨ་སྒོ་གསུམ་ནི་མ་གཏོགས་པར། །ཤེས་ལུས་རང་བཞིན་ཡན་ལག་གིས། །བསམ་བཞིན་ཁུ་བ་འབྱིན་པ་ནི། །དགེ་འདུན་གྱི་ནི་ལྷག་མས་རེག ། ཅེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
|
| Domain
|
ཆོས་ལུགས།
|