52095

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོག་གི་དང་པོའི་སངས་རྒྱས་ལས་བྱུང་བ་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ (1)
Part of speech མིང་ཚིག
Definition མཆོག་གི་དང་པོའི་སངས་རྒྱས་ལས་བྱུང་བ་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ། བསྟན་འགྱུར་རྒྱུད་ཏ་པར་བཞུགས།
མཆོག་གི་དང་པོའི་སངས་རྒྱས་ལས་བྱུང་བ་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ (2)
Part of speech མིང་ཚིག
Definition ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐ་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ལས། ཕྱིས་མཁས་པ་ཆེན་པོ་ཞང་སྟོན་མདོ་སྡེ་དཔལ་དང་དུས་ཀྱི་འཁོར་ལོའི་ཚུལ་ཁོང་དུ་ཆུད་པའི་དགེ་སློང་ཚུལ་ཁྲིམས་དར་རྒྱས་ཀྱིས་དོན་གྱི་ཆ་ལ་ལེགས་པར་དཔྱད་ཅིང༌བསྐུལ་ཏེ་ལེགས་པར་སྦྱར་བའི་སྐད་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་རིག་པའི་དགེ་དགེ་སློང་ཤོང་སྟོན་གྱིས་ཡུལ་དབུས་ཀྱི་རྒྱ་དཔེ་གཉིས་ལ་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ། རྒྱུད་ཀྱི་རྒྱལ་པོ་འདི་བཀའ་འགྱུར་གྱི་ཁོངས་སུ་གཏོགས་པ་ཡིན་ཡང་། བུ་སྟོན་དང་པེ་ཅིང་པར་མ་དང་། སྣར་ཐང་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་འདི་ནི་རྩ་འགྲེལ་ཕྱོགས་གཅིག་ཏུ་བསྡེབས་ན་བསོད་ནམས་ཆེ་ཞིང་། དེང་སང་བཤད་ཉན་དར་བའི་ཕྱིར་ཕན་ཆེ་བ་ལ་བསམས་འདིར་བྲིས་པ་ཡིན་གྱི། རྒྱུད་ཀྱི་རྒྱལ་པོ་འདི་བསྟན་བཅོས་ཀྱི་ཁོངས་སུ་གཏོགས་ནས་བྲིས་པ་ནི་མ་ཡིན་ནོ། །ཞེས་འཁོད། འོན་ཀྱང་ཆོས་ཚན་འདི་པེ་ཅིང་པར་མ་དང་སྣར་ཐང་གི་བསྟན་འགྱུར་ཁྲོད་དུ་མི་བཞུགས། བསྟན་འགྱུར་རྒྱུད་ཐ་པར་བཞུགས།