52105
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙིང་མ། མཆོག་གི་སྡེ་བརྒྱད་ནི། གཟའ་མཆོག་རྒྱལ་པོ་རཱ་ཧུ་ལ་དང་། དཀར་ཕྱོགས་ཁྲམ་ཤིང་ཁ་འཐོར། བདུད་མཆོག་མ་ནུ་རཀྵ། བཙན་མཆོག་གྲི་བཙན་འཐུམ་པོ། མ་མཆོག་ལྕེ་སྤྱང་མདུང་འཛིན། ཀླུ་མཆོག་ཀླུ་རྒྱལ་དུང་སྐྱོང་། མགོན་མཆོག་ནག་པོ་ལྟེ་དཀར། རྒྱལ་མཆོག་ལི་བྱིན་ཧར་བཅས་བརྒྱད་དེ། སྡེ་བརྒྱད་བཅོས་ཐབས་ལས། གཟའ་མཆོག་རྒྱལ་པོ་རཱ་ཧུ་ལ། །དཀར་ཕྱོགས་ཁྲམ་ཤིང་ཁ་འཐོར་དང་། །བདུད་མཆོག་མ་ནུ་རཀྵ་དང་། །བཙན་མཆོག་གྲི་བཙན་འཐུམ་པོ་དང་། །མ་མཆོག་ལྕེ་སྤྱང་མདུང་འཛིན་དང་། །ཀླུ་མཆོག་ཀླུ་རྒྱལ་དུང་སྐྱོང་དང་། །མགོན་མཆོག་ནག་པོ་ལྟེ་དཀར་དང་། །རྒྱལ་མཆོག་ལི་བྱིན་ཧར་སོགས། །མཆོག་གི་སྡེ་བརྒྱད་འཁོར་བཅས་ལ། །ཞེས་གསུངས། |
| Domain | ཆོས་ལུགས། |