From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཆོག་གི་སྤྲུལ་སྐུ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཐེག་ཆེན། གདུལ་བྱ་ཐུན་མོང་བའི་སྣང་ངོར་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་ནས་འགྲོ་བ་འདུལ་བའི་སྐུའི་རྣམ་པ་ཅན་ཞིག་ལ་ཟེར། པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། རང་ཅག་གི་སྟོན་པ་ལྟ་བུ་རྣམས་ཡིན་པའི་ཕྱིར། ཞེས་གསུངས།
|
| Domain
|
ཆོས་ལུགས།
|
མཆོག་གི་སྤྲུལ་སྐུ་ (2)
| Part of speech
|
མིང་ཚིག
|
| Definition
|
སྐུ་གསུམ་བརྙེས་ཟིན་ནས་གདུལ་བྱ་གང་ཡིན་པའི་གནས་དེ་དང་དེར་མཛད་པ་བཅུ་གཉིས་ལ་སོགས་པའི་གང་ལ་ཅི་འདོད་སྟོན་པ་ཉིད་སྤྲུལ་སྐུར་བཞེད་དེ། སླར་ཡང་མི་གཡོའི་སྐུ་མངའ་ཁྱོད་ཀྱིས་སྲིད་གསུམ་བྱོན་ནས་སྤྲུལ་རྣམས་ཀྱིས། །ཞེས་དང་། དེའི་འགྲེལ་པར། བཅོམ་ལྡན་འདི་ནི་ཁམས་གསུམ་ལས། འདས་སུ་ཟིན་ཀྱང་སྤྲུལ་པའི་སྐུ་རྣམས་ཀྱིས་ཡབ་དང་ཡུམ་དང་སྲས་ལ་སོགས་པ་དང་འབྲེལ་པར་སྟོན་ཅིང་འཇིག་རྟེན་དང་རྗེས་སུ་མཐུན་ཏེ། ཞེས་གསུངས་སོ། །ཞེས་ཀུན་མཁྱེན་གོ་རམས་པས་དབུ་མ་སྤྱི་དོན་ལས་གསུངས་སོ། ། ཆོས་ཀྱི་སྐུ་ལས་མི་གཡོ་བའི་སྐུ་མངའ་བ་བཅོམ་ལྡན་འདས་ཁྱོད་ཀྱིས་སྲིད་གསུམ་ལས་བརྒལ་དུ་ཟིན་ཀྱང་སླར་ཡང་སྲིད་པ་གསུམ་ན་གནས་པའི་དོན་དུ་བྱོན་ནས་ཐུགས་རྗེ་མྱ་ངན་ལས་འདས་པར་བཀྲི་བར་མཛད་དོ། །གང་ན་འཇིག་རྟེན་ཉོན་མོངས་དང་རྣམ་རྟོག་གིས་འདི་རབ་ཏུ་གཡོ་བའི་བག་ཆགས་ལ་སྤྱོད་པ་ཅན་མངོན་ཞེན་གྱི་རེ་བའི་ཞགས་པ་མང་པོས་བཅིངས་པ་མ་ལུས་པ་དག་གོ ། གང་གིས་ན་བཅོམ་ལྡན་འདས་ཁྱོད་ཀྱིས་སོ། །གང་གི་སྒོ་ནས་ཤེ་ན། སྤྲུལ་པའི་སྐུ་རྣམས་ཀྱི་སྒོ་ནས་དགའ་ལྡན་གྱི་གནས་ནས་གཤེགས་པ་དང་། ཤཱཀྱའི་རིགས་སུ་སྐུ་བལྟམས་པ་དང་། བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱང་ཆུབ་པ་དང་། མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུ་ཞི་བའི་ཆོས་ཀྱི་འཁོར་ལོའང་བསྐོར་བར་མཛད་པ་དེ་ལྟ་བུའི་རིམ་པའི་སྒོ་ནས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱིས་དབུ་འཇུག་རྣམ་བཤད་ལས་གསུངས་སོ། །
|
མཆོག་གི་སྤྲུལ་སྐུ་ (3)
| Part of speech
|
མིང་ཚིག
|
| Definition
|
ལོངས་སྐུ་དང་སྤྲུལ་སྐུ་གང་རུང་ཡང་ཡིན། རང་གི་གདུལ་བྱ་ལ་ཐེག་པ་ཆེ་ཆུང་གི་ཆོས་སྣ་ཚོགས་པ་སྟོན་བཞིན་པ་ཡང་ཡིན་པའི་རབ་ཏུ་ཕྱེ་བའི་གཟུགས་སྐུ་མཐར་ཐུག་དེ། མཆོག་གི་སྤྲུལ་སྐུའི་མཚན་ཉིད། སྤྱིར་སྤྲུལ་སྐུ་ལ་དབྱེ་ན། བཟོ་བོ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ། མཆོག་གི་སྤྲུལ་སྐུ་དང་གསུམ། མཚན་གཞི་རིམ་པ་བཞིན། བདག་ཅག་གི་སྟོན་པས་དྲི་ཟའི་རྒྱལ་པོ་རབ་དགའི་ང་རྒྱལ་གཞོམ་པའི་ཕྱིར་དུ་སྤྲུལ་པའི་དྲི་ཟའི་པི་ཝང་ལེན་པའི་རྣམ་པ་ཅན་གྱི་སྤྲུལ་སྐུ་དང༌། རི་དྭགས་རུ་རུའི་རྣམ་པ་ཅན་གྱི་སྤྲུལ་སྐུ་དང༌། མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་བཞིན་པའི་མཉམ་མེད་ཤཀྱའི་རྒྱལ་པོ་ལྟ་བུ་ལ་བྱེད་པ་ཡིན། མཆོག་གི་སྤྲུལ་སྐུ་དེ་ཡང༌། ཁྱད་ཆོས་གསུམ་དང་ལྡན་པ་ཡིན་ཏེ། དང་པོར་རང་གི་གདུལ་བྱ་ལ་ཐེག་པ་ཆེ་ཆུང་གི་ཆོས་བསྟན་པའི་སྒོ་ནས་འཁོར་བ་ལ་སྐྱོ་བ་སྐྱེད་དེ་ཐར་ལམ་ལ་སྦྱོར་བར་བྱེད། དེའི་རྗེས་སུ་ཐེག་ཆེན་གྱི་ཆོས་བསྟན་པའི་སྒོ་ནས་རྒྱུད་སྨིན་པར་བྱེད། དེའི་རྗེས་སུ་བྱང་ཆུབ་ཏུ་ལུང་བསྟན་པའི་སྒོ་ནས་མཐར་མྱང་འདས་ལ་འཇུག་པར་བྱེད་པ་ཡིན་པའི་ཕྱིར།
|