52109
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བདག་ཅག་གི་སྟོན་པ་འཛམ་བུའི་གླིང་འདིར་ཕེབས་ནས་སེམས་ཅན་གྱི་དོན་སྣ་ཚོགས་པ་ཞིག་མཛད་པའི་ནང་ནས་གཙོ་ཆེ་བའི་མཛད་པ་གྲངས་བཅུ་གཉིས་སུ་བགྲང་ཚུལ་ཞིག པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། མཆོག་གི་སྤྲུལ་སྐུས་འཛམ་བུའི་གླིང་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་ཡིན་ཏེ། རྒྱུད་བླ་མར། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང། །དགའ་ལྡན་གནས་ནས་འཕོ་བ་དང། །ལྷུམས་སུ་འཇུག་དང་བལྟམས་པ་དང། །བཟོ་ཡི་གནས་ལ་མཁས་པ་དང། །བཙུན་མོའི་འཁོར་གྱིས་དགྱེས་རོལ་དང། །ངེས་འབྱུང་དཀའ་བ་སྤྱད་པ་དང། །བྱང་ཆུབ་སྙིང་པོར་གཤེགས་པ་དང། །བདུད་སྡེ་འཇོམས་དང་རྫོགས་པ་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས། ཞེས་གསུངས་པ་ལྟར་རོ། ། |
| Domain | ལོ་རྒྱུས། |