52124
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་ཏུ་དགའ་བ་ལ་དགའ་བ་སྐྱེ་བ། ཡིད་དགའ་བས་ལུས་ཤིན་ཏུ་སྦྱངས་པར་འགྱུར་བ། ལུས་ཤིན་ཏུ་སྦྱངས་པའི་བདེ་བ་མྱོང་བར་བྱེད་པ། བདེ་བར་གྱུར་པའི་སེམས་མཉམ་པར་འཇོག་པ། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བ། ཡང་དག་པ་ཇི་ལྟ་བ་མཐོང་བས་སྐྱེ་བར་འགྱུར་བ། སྐྱེ་ན་འདོད་ཆགས་དང་བྲལ་བར་འགྱུར་བ། འདོད་ཆགས་དང་བྲལ་ནས་རྣམ་པར་གྲོལ་བར་འགྱུར་བ། རྣམ་པར་གྲོལ་ན་བདག་རྣམ་པར་གྲོལ་ལོ་སྙམ་པའི་ཡེ་ཤེས་མཐོང་བ་འབྱུང་བའོ། ། |
| Domain | ཆོས་ལུགས། |