52125
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་སུམ་ཅུ་སོ་གསུམ་པ་ཏིང་ངེ་འཛིན་གྱི་ལེའུ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་ཏུ་བྱ་བ་འཐོབ་པ་བཅུ་སྟེ། འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ཕུལ་དུ་བྱ་བ་འཐོབ་པ་ཡིན། ལྷ་ཐམས་ཅད་མཆོག་ཏུ་བྱ་བ་འཐོབ་པ་ཡིན། ཚངས་པ་ཁྱུ་མཆོག་ཐམས་ཅད་ཀྱི་ནང་ན་ཆགས་པ་མེད་པ་འཐོབ་པ་ཡིན། འཇིག་རྟེན་ཐམས་ཅད་ཀྱི་ནང་ན་ཆགས་པ་མེད་པ་འཐོབ་པ་ཡིན། འགྲོ་བ་ཐམས་ཅད་ཀྱིས་མི་ཐུབ་པ་འཐོབ་པ་ཡིན། འགྲོ་བ་ཐམས་ཅད་ནས་འབྱུང་བ་འཐོབ་པ་ཡིན། ལམ་གྱི་རྒྱུད་ཐམས་ཅད་ནས་འབྱུང་བ་འཐོབ་པ་ཡིན། སྐྱེ་བ་ཐམས་ཅད་དུ་དབང་ཕྱུག་འཐོབ་པ་ཡིན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་འཐོབ་པ་ཡིན། འབྱུང་བའི་རྣམ་པར་འཕྲུལ་པ་ཐམས་ཅད་ལ་སྟོབས་དང་ཤུགས་འཐོབ་པའོ། ། |
| Domain | ཆོས་ལུགས། |