52149

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོག་མིན་ངེས་བསྟན་ (1)
Part of speech མིང་ཚིག
Definition ངེས་བསྟན་གྱི་རྒྱན་གྱི་ནང་གསེས་གཉིས་པ་སྟེ། མཆོག་ཏུ་གྱུར་པ་མ་ཡིན་པའི་དོན་མཚོན་བྱེད་ཀྱི་དཔེ་སྔོན་དུ་བཀོད་ནས། དེས་མཚོན་པའི་དོན་ལ་ངེས་བསྟན་གསལ་བྱེད་ཀྱི་སྒྲ་སྦྱར་བ་ཞིག་ལ་མཆོག་མིན་ངེས་བསྟན་ཟེར།
Example རྒྱལ་དབང་ལྔ་པས། དབང་ཕྱོགས་རི་ལས་རྟ་ལྗང་ཅན། །ཤར་ཚེ་སྲིན་བུའི་མེ་འོད་དག །ཉམས་པས་སྐྱིན་ཐང་དྲག་པོ་ཡིས། །དབྱར་སྐྱེས་གཞོན་ནུ་འཇོམས་པ་སྟོན། །ཞེས་པ་ལྟ་བུ།
Domain རྩོམ་རིག