52161
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། མཆོག་སངས་རྒྱས་ཀྱི་དངོས་གྲུབ་ནི། སངས་རྒྱས་ཀྱང་ནི་མཆོག་ཡིན་ནོ། །ཞེས་སོགས་ཀྱི་དངོས་གྲུབ་སྟེ། དེ་ཡང་བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པས་རྒྱུད་སྨིན་པར་བྱས་པ་ལ་བརྟེན་ནས་བྱུང་བའི་ཕྱི་ནང་གི་སྲོག་རྩོལ་གཉིས་ཀྱིས་དྲངས་པའི་རླུང་རྣམས་གཞིའི་འཆི་རིམ་བཞིན་དུ་སྙིང་གར་བསྡུས་ཏེ་ཐིམ་པ་ལས་བྱུང་བའི་སེམས་དབེན་ཀྱི་སྟོང་པ་གསུམ་བཞོན་པའི་རླུང་དང་བཅས་པ་ལས་སྒྱུ་མའི་སྐུར་བཞེངས། སྒྱུ་ལུས་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་དག་པར་བྱས་པ་ལས་བྱུང་བའི་དོན་གྱི་འོད་གསལ་གྱི་རླུང་སེམས་ལས་སློབ་པའི་ཟུང་འཇུག་གི་སྐུར་བཞེངས་ཏེ། རྟེན་དེ་ལ་བོགས་འབྱིན་གྱི་སྤྱོད་པ་བྱས་པ་ལ་བརྟེན་ནས། འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རིགས་འདྲ་རྒྱུན་མི་ཆད་པའི་དག་པ་ལོངས་སྤྱོད་རྫོགས་པ་སྒྱུ་མའི་སྐུ་དང་། ཤེས་སྒྲིབ་ཟད་པར་སྤངས་པའི་ཐུགས་དོན་གྱི་འོད་གསལ་ཡེ་ཤེས་ཆོས་ཀྱི་སྐུ་དང་གདུལ་བྱའི་དོན་དུ་སྤྲུལ་སྐུ་བྱེ་བ་ཐེར་འབུམ་འགྱེད་པ་རྣམས་འབད་མེད་ལྷུན་གྲུབ་ཏུ་བྱེད་ནུས་པར་འགྱུར་བ་ཡིན་ནོ། ། |
| Domain | ཆོས་ལུགས། |