52174

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོང་རྒྱག་ (1)
Part of speech མིང་ཚིག
Definition སའི་ངོས་སམ་ས་སྟེང་ནས་ཡར་འཕར་བའི་དོན།
Example མི་དེ་ཁོང་ཁྲོ་ལངས་ནས་མཆོང་རྒྱག་བྱེད་ཀྱི་འདུག་ལྟ་བུ།
མཆོང་རྒྱག་ (2)
Part of speech མིང་ཚིག
Definition སྔར་གྲྭ་སའི་རྡོབ་རྡོབ་ཚོས་རྩེས་པའི་ལུས་རྩལ་སྣ་ལྔའི་ཡ་གྱལ་ཞིག་སྟེ། ཁོ་ཚོས་ལྟོ་ཚང་ཞེས་པའི་ཚོགས་པ་བཙུགས་ཡོད་པ་དང་། མཁན་པོ་དང་ལས་སྣེ་མི་ཤེས་ས་ནས་ཕན་ཚུན་བར་ལ་འགྲན་བསྡུར་བྱེད་ཀྱི་ཡོད། སྔོན་ལ་རྒྱུག་མཁན་སོ་སོའི་ཐོད་པར་མར་ལྷེབ་སྦྱར་ཏེ། སྡེ་བརྒྱད་གསེར་སྐྱེམས་དང་། དགྲ་ལྷའི་གསོལ་མཆོད་སོགས་ཆོས་ཀྱི་བྱེད་སྒོ་བྱས་རྗེས་བརྒྱུགས་ནས་རིམ་བཞིན་མཆོང་གི་ཡོད།