52184
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཆོད་ཁང་དམར་འགྱེད་མའམ། མཆོད་ཁང་སྲིད་ཞིའི་དཔའ་འབར་ནི་དཔལ་སྟག་ལུང་པའི་གདན་ས་ཡར་ཐང་རྡོ་རྗེ་གདན་དུ། སྟག་ལུང་པའི་གདན་རབས་གཉིས་པ་སྐུ་ཡལ་རིན་ཆེན་མགོན་པོས་ཕྱི་ལོ་ ༡༢༢༤ ལོར་བཞེངས་པར་མཛད་ཅིང་། ལྡོང་དཀར་པོ་འཛོམ་གྱིས་རྨང་རྡོ་བཞག་བཅིང་། རྗེའུ་རིགས་ཀྱི་བུ་ཚ་གསུམ་དང་དཔོན་བཀྲ་ཤིས་མགོན་བཅས་ཀྱིས་ཟུར་རྡོ་བཞི་བཞག། ཕྱོགས་མཚམས་བརྒྱད་དབུས་དང་བཅས་པ་ལ་བུམ་གཏེར་བཅུག་སྟེ། ཐུར་དུ་ཕོ་འདོམ་བཅོ་བརྒྱད་དང་། གྱེན་དུ་མོ་འདོམ་བཅོ་བརྒྱད་དེ་འདོམ་སོ་དྲུག་གི་མཐོ་ཚད་དང་། ཁྱིམ་སྟོད་ཀ་ཚར་བཞི་ལ་སོ་གཉིས་དང་། ཁྱིམ་སྨད་ཀ་ཚར་གསུམ་ལ་ཉི་ཤུ་རྩ་བཞི། འགྲམ་གཉིས་ན་དྲུག་དྲུག་སྟེ་བཅུ་གཉིས། གློ་འབུར་གཉིས་ན་གཉིས་སྟེ་བཞི། སྒོ་ཁང་ལ་བཞི། སྒོ་ཕུག་ལ་བཞི་བཅས་སྡོམ་ཀ་བ་བརྒྱད་ཅུའི་བདག་ཉིད་ཅན། གསེར་འཕྲུ་དང་བཅས་པ་བསྐྲུན་ཏེ། གཙུག་ལག་ཁང་ཆེན་སྲིད་ཞིའི་དཔལ་འབར་ཞེས་བཏགས་པ་ལགས་སོ། ། |