52188
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། དགེ་བསྙེན་ནམ་ཡེ་དབྱིངས་ཀྱི་ཆོ་ག་ལས་གཙང་མའི་ཡོན་ཆབ་ཞིག་སྟེ། ཆ་དགུ་ནི། རིན་ཆེན་སོགས་སྣོད་དགུ་ལ་གཙང་མའི་འོ་ཆུ་འདྲེས་པའི་ཆབ་བལྟམས་པ་དགུ་ལ་བྱའོ། །བཤམས་སྟངས་སོགས་ནི་རིན་པོ་ཆེའི་ཁྲིའམ། སྤོས་ཤིང་གཙང་མའི་ཁྲིའི་སྟེང་དུ་རིན་པོ་ཆེའམ་ཟངས་སོགས་ཀྱི་སྣོད་དགུ་བཤམས་ཏེ། གཙང་མའི་ཆབ་ལྔའམ་ཆུ་གཙང་ལ། བ་དཀར་རམ་ར་དཀར་སྒོ་ཕྱུགས་དཀར་པོའི་རིགས་ཀྱི་འོ་མ་དང་སྨན་སྤོས་སོགས་བསྲེ་ནས་བལྟམས་པ་གཙང་མ་བཤམ་དགོས་ཏེ། མདོ་དྲི་མེད་གཟི་བརྗིད་པོད་གསུམ་པ་ལས། ཐོག་མར་བཤམ་དར་བྱ་བ་ནི་བདག་གི་མདུན་དུ་རིན་པོ་ཆེ་སྣ་ལྔའི་ཁྲིའམ། སྤོས་ཤིང་གཙང་མའི་ཁྲི་ལ་མཆོད་གཏོར་ཆ་དགུ་རུ་བཤམས་ཏེ། དེ་ཡང་རིན་པོ་ཆེའི་སྣོད་གཙང་མ་དགུ་རུ། གཙང་མའི་ཆབ་ལྔ་ལ་བ་དཀར་དང་ར་དཀར་གྱི་འོ་མས་འཕྲད་གསལ་ཏེ་བལྟམ་ནས། འབྲུ་སྨན་དང་མེ་ཏོག་དང་སྤོས་སྣ་དང་། དཀར་གསུམ་མངར་གསུམ་དང་། རིན་པོ་ཆེ་རྩལ་ལ་དག་ཅིང་གཙང་མར་བཤམ་མོ། །ཞེས་སོ། །མཆོད་པ་དེ་ཡང་འབུལ་བྱེད་ཚིག་བཤད་དབྱངས་དང་བཅས་པ་གཞུང་ལས་ཡོད་དོ། ། |
| Domain | ཆོས་ལུགས། |