52209

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོད་པ་ (1)
Part of speech མིང་ཚིག
Definition མཆོད་པར་ཕུལ་བའི་དངོས་རྫས་ཀྱི་མིང་སྟེ། ཚིག་བསྡུས་ན་མཆོད་ཅེས་འབྲི་ཆོག
Example མཆོད་རྫས་མཆོད་ཁང་ལྟ་བུ།
མཆོད་པ་ (2)
Part of speech མིང་ཚིག
Definition ཕུལ་བའམ་བཟས་པའི་དོན་ཅན་གྱི་མཆོད་པ་ཞེས་པའི་བྱ་བའི་མིང་སྟེ།
Example སྐུ་ངོ་མཆོག་གིས་ང་ཚོའི་ནང་བཞེས་ལག་མཆོད་པ་ནི་མཉེས་ཤོས་ཤིག་ཏུ་ངོས་འཛིན་བྱེད་ལྟ་བུ།
མཆོད་པ་ (3)
Part of speech མིང་ཚིག
Definition མཆོད་པའི་སྤྲིན་ཞེས་བྱ་བའི་གཟུངས་ཀྱི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ན་པར་བཞུགས།
མཆོད་པ་ (4)
Part of speech མིང་ཚིག
Definition བཀའ་འགྱུར་མདོ་སྡེ་ཛ་པར་བཞུགས་པའི་སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་སྡེ་ཚན་ཞིག
མཆོད་པ་ (5)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྒྱུད་ཀྱི་དངོས་པོའི་བྱེ་བྲག་ཅིག་སྟེ། དཀོན་ཅོག་འགྲེལ་ལས། མཆོད་པ་ཞེས་བྱ་བ་ནི། བཀུར་བའི་གནས་སུ་གྱུར་པ་རྣམས་ལ་སྒོ་གསུམ་ནས་བཀུར་ཞིང་མཆོད་པ་དང་། རྫས་ཀྱི་སྒོ་ནས་ཀྱང་མཉེས་པར་བྱས་པའི་ལས་ཀྱི་བདག་ཉིད་དེ། འདིའི་དབྱེ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའམ། དོན་དམ་དང་ཀུན་རྫོབ་བམ། བླ་ན་ཡོད་པ་དང་བླ་ན་མེད་པའམ། རང་གི་ཡན་ལག་ཏུ་གཏོགས་པའི་ཕྱི་རོལ་གྱིའམ། ནང་དང་ཕྱི་ལ་སོགས་པའི་དབྱེ་བས་སྤྱིར་དུ་མར་གྲགས་མོད་ཀྱི། རྒྱུད་འདི་ལས་ནི། རྫས་ཀྱི་མཆོད་པ་དང་། ལས་རྣམ་བཞིའི་སྦྱིན་སྲེག་གི་མཆོད་པ་དང་། ཏིང་ངེ་འཛིན་དང་། སྦྱོར་སྒྲོལ་བདུད་རྩི་དང་བཅས་པའི་མཆོད་པ་དང་། རྡོ་རྗེ་གླུའི་སྒོ་ནས་བསྟོད་པའི་མཆོད་པ་ཙམ་དུ་གསུངས་ཏེ། དེ་དག་འདིར་བསྟན་པའི་ནང་དུ་འདུས་པར་ཤེས་པར་བྱའོ། ། ངེས་པའི་ཚིག་ནི། པཱུ་ཛ་ཞེས་བྱ་པཱུ་ར་ན་ར་པཱུ་ར་ན་ར་པྲི་ཡ་ང་ཛ་ཏ་སྟེ་ཡང་དང་ཡང་དུ་དགྱེས་པ་བསྐྱེད་པས་མཆོད་པ་ཞེས་བྱའོ། །པུ་ར་བ་ཛ་ཏ་སྟེ་སྔོན་དུ་བསྐྱེད་པར་བྱ་བའི་དོན་ནོ། །དེ་ནི་དགེ་བའི་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཕྱིར་རོ། །པཱུ་ཛ་རྦ་གོ་ར་རྦ་རྠ་སྟེ། མཆོད་པའི་དོན་ནི་བཀུར་བའི་དོན་ནོ། །ཞེས་གསུངས། པཱུ་ཛའི་སྐབས་སུའང་གཟིགས།
Domain ཆོས་ལུགས།