52214

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོད་པ་ཆེན་པོ་བཞི་ (1)
Part of speech མིང་ཚིག
Definition མུ་ནེ་བཙན་པོའི་སྐབས་ཀྱི་མཆོད་པ་ཆེན་པོ་སྟེ། ལྷ་སར་འདུལ་བའི་མཆོད་པ། ཁྲ་འབྲུག་ལ་མངོན་པའི་མཆོད་པ། བསམ་ཡས་ལ་མདོ་སྡེའི་མཆོད་པ། བྱང་ཆུབ་ཀྱི་མཆོད་པའོ། །
Domain ལོ་རྒྱུས།
མཆོད་པ་ཆེན་པོ་བཞི་ (2)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག མཆོད་པ་ཆེན་པོ་བཞི་ནི། ཉོན་མོངས་པ་མ་སྤངས་པར་ཡེ་ཤེས་སུ་གྲུབ་པས་རང་གིས་ངང་གི་མཆོད་པ་བསྟན་པའི་སྐབས་ནས་གསུངས་པའི་མན་ངག་ཏུ་སྦྱར་པའི་མཆོད་པ་རྣམ་པ་བཞི་སྟེ། སྤྱོད་མཐུན་གྲོལ་བའི་མཆོད་པ་དང་། གནས་གྱུར་ཡེ་ཤེས་ཀྱི་མཆོད་པ་དང་། གྲོལ་ཐར་ཕྱག་རྒྱའི་མཆོད་པ་དང་། རང་བཞིན་དག་པའི་མཆོད་པ་བཅས་བཞི་སྟེ། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མེ་ལས། དེ་དག་ལ་མན་ངག་ཏུ་སྦྱར་ན་རྣམ་པ་བཞི་སྟེ། ཉོན་མོངས་པ་དེ་དག་ལ་ཞེན་པའི་གདུལ་བྱ་ལ་དེ་དག་མ་སྤངས་པའི་རྗེས་སུ་མཐུན་པའི་སྤྱོད་པའི་ཐབས་ཀྱིས་གྲོལ་བར་བྱེད་པས་སྤྱོད་མཐུན་གྲོལ་བའི་མཆོད་པའོ། །ཉོན་མོངས་པ་ཡེ་ཤེས་ལྔར་གནས་གྱུར་པས་གནས་གྱུར་ཡེ་ཤེས་ཀྱི་མཆོད་པའོ། །ཉོན་མོངས་པ་ལྔ་ལས་གྲོལ་བས་རིགས་ལྔའི་སྐུ་ཕྱག་རྒྱ་ཆེན་པོ་ཐོབ་པས་གྲོལ་ཐར་ཕྱག་རྒྱའི་མཆོད་པའོ། །ཉོན་མོངས་པ་ལ་བརྟགས་ན་ངོ་བོ་གྲུབ་པ་མེད་དེ་ཆོས་ཉིད་དུ་གནས་པ་རང་བཞིན་དག་པའི་མཆོད་པའོ། །ཞེས་གསུངས།
Domain ཆོས་ལུགས།