52224

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོད་པ་བཞི་ (1)
Part of speech མིང་ཚིག
Definition མུ་ནེ་བཙན་པོའི་སྐབས་ལྷ་སར་འདུལ་བའི་མཆོད་པ་དང༌། ཁྲ་འབྲུག་ལ་མངོན་པའི་མཆོད་པ། བསམ་ཡས་ལ་མདོ་སྡེ་དང་བྱང་ཆུབ་ཀྱི་མཆོད་པ་བཅས་ཀྱི་སྲོལ་བཙུགས་པ་དེ་དག་ལ་མཆོད་པ་ཆེན་པོ་བཞི་ཟེར་ཞིང༌། བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་འཛམ་གླིང་སྤྱི་བསང་ཞེས་པའི་དུས་ཆེན་གཏོང་བའི་ཡུལ་སྲོལ་འདི་ཡང་དེ་ནས་དར་བའོ། །
Domain ལོ་རྒྱུས།
མཆོད་པ་བཞི་ (2)
Part of speech མིང་ཚིག
Definition སྔགས། ཕྱི་མཆོད་པ། ནང་མཆོད་པ། གསང་མཆོད། དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །
Domain ཆོས་ལུགས།
མཆོད་པ་བཞི་ (3)
Part of speech མིང་ཚིག
Definition མ་ཧཱ་ཡོ་ག རྙིང་མ། ཕྱི་ཉེར་སྤྱོད་ཀྱི་མཆོད་པ་དང། ནང་དམ་རྫས་ཀྱི་མཆོད་པ་དང། གསང་བ་སྦྱོར་སྒྲོལ་གྱི་མཆོད་པ་དང། དེ་ཁོ་ན་ཉིད་མཉམ་པ་ཆེན་པོའི་མཆོད་པ་བཅས་བཞིའོ། །