52227
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་རྒྱུད། བསྐྱེད་པ་ནི། སྣོད་བཅུད་གཉིས་ཀའི་ཨོཾ་ལས་བསྐྱེད་པར་ཀུན་སྙིང་གིས་སྒྱུ་དྲའི་འགྲེལ་པ་དང་། སེམས་པ་འབྱུང་ཆུང་དུ་གསུངས་པ་ལྟར་རྗེ་བཙུན་གྱིས་གསུངས་པའི་དོན། ཨོཾ་ནམ་མཁའི་མཛོད་ཀྱི་ས་བོན་ཡིན་པས་ནམ་མཁའ་མཛོད་ལས་ཅི་འདོད་སྤྲུལ་བར་ནུས་པ་ལ་དགོངས། དེ་ཡང་སྟོང་པའི་ངང་ལས་སྣོད་ཀྱི་གཟུགས་རྣམས་ཨོཾ་དུ་ཤར་བ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་བསྐྱེད། བཅུད་རྣམས་ཀྱི་གནས་ལུགས་ལ་ངེས་ཤེས་དྲངས་ནས་གཟུགས་རྣམས་ཨོཾ་དཔག་ཏུ་མེད་པར་ཤར་བ་ལས་མཆོད་རྫས་རྣམས་རང་བཞིན་སྟོང་པ། རྣམ་པ་རང་རང་གི་རྣམ་པ་ཅན། ངོ་བོ་ཟག་པ་མེད་པར་བསྒོམ་མོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །བསྐྱེད་པ་ནི་མཆོད་རྫས་རྣམས་སྣང་སྟོང་སྒྱུ་མའི་ངང་ཚུལ་དུ་གནས་པ་ལ་དེ་ལྟར་གནས་པ་ལ་དེ་ལྟར་ཤེས་པ་དང། བདག་རྒྱུད་ཀྱི་དགེ་བའི་སྟོབས་ལས་དངོས་ཀྱི་མཆོད་པ་དེ་ཉིད་ཀྱི་སྣོད་ཀྱི་གཟུགས་རྣམས་ནམ་མཁའ་མཛོད་ཀྱི་ས་བོན་ཨོཾ་ཡིག་ཏུ་ཤར་བ་དེ་རྣམས་འོད་དུ་ཞུ་བ་ལས་བྱུང་བའི་རྣམ་པ་ལྷ་རྫས་ལས་གྲུབ་པའི་ཡན་ལག་བརྒྱད་ལྡན་གྱི་མཆོད་ཡོན། མཛེས་ཤིང་ཡིད་དུ་འོང་གི་མེ་ཏོག དྲི་ཞིམ་བདུག་སྤོས་ཀྱི་དུད་སྤྲིན། ཕྱོགས་ཀུན་གསལ་བའི་མར་མེ། བསིལ་ཞིམ་ལྡན་པའི་དྲི་ཆབ། རོ་བཅུད་བཟང་དགུའི་ཞལ་ཟས། གཞན་ཡང་སྙན་པའི་རོལ་མོ་དང་། རབ་མཛེས་ཀྱི་འཕན་གདུགས་ལ་སོགས་པ་མཆོད་རྫས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་རང་བཞིན་སྣང་སྟོང་ཟུང་འཇུག་ཏུ་ཤར་བ་ལ་བདེན་འཛིན་སོགས་ཀྱིས་མ་གོས་པས་དྭངས་ཤིང། གཞི་གཅིག་ན་མཆོད་རྫས་དུ་མ་ཡོད་ཀྱང་ཕན་ཚུན་གོ་མ་བཀག་པས་ཐོགས་པ་མེད་པ། ཡུལ་ནམ་མཁའི་ཁམས་ཐམས་ཅད་གང་བ། དུས་ནམ་ཡང་རྒྱུན་མི་འཆད་པར་མཆོད་ཡུལ་རྒྱ་མཚོའི་སྤྱན་ལན་དུ་འབྱུང་བར་གྱུར་པར་བསམ་པའོ། །ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། ། |
| Domain | ཆོས་ལུགས། |