52228

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོད་པ་བྱིན་རླབས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། བྱིན་གྱིིས་རླབས་པ་ནི། སོ་སོའི་སྔགས་དང་ཕྱག་རྒྱས་མཆོད་རྫས་རྣམས་མིག་འཕྲུལ་ལྟ་བུར་ཡུད་ཙམ་ལས་མི་གནས་པ་མ་ཡིན་པར་འཁོར་བ་མ་སྟོང་བར་དུ་གནས་པར་བསམ། རོལ་མོ་སྣ་ཚོགས་བྱ་ཞིང་དྷརྨ་ར་ནི་ལན་གསུམ་བརྗོད་པ་ཀུན་སྙིང་གི་སྒྱུ་དྲའི་འགྲེལ་པར་བཤད། དང་པོའི་ཚེ་རང་གི་སྙིང་ག་ནས་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས་ཏེ་ནམ་མཁའ་གང་བ་བཞུགས་པར་བསམ། གཉིས་པའི་ཚེ་གནས་ཁང་རིན་པོ་ཆེ་ལས་གྲུབ་པ་རང་ཉིད་ཀྱིས་བསྒོམས་པ་བཞིན་ནམ་མཁར་བཞུགས་པ་རྣམས་ཀྱིས་ཀྱང་བྱིན་གྱིས་བརླབས་ཤིང་བརྟན་པར་བསམ། གསུམ་པའི་ཚེ་མཆོད་རྫས་རྣམས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་རང་ཉིད་ཀྱིས་བསྒོམས་པ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བྱིན་གྱིས་བརླབས་པར་བསམ་མོ། །ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། ། བྱིན་གྱིས་བརླབ་པ་ནི། སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ཏེ། དེའང་ཐོག་མཐའ་ཨོཾ་ཨཱཿ ཧཱུྃ་གསུམ་ནི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ས་བོན། བཛྲ་ཨརྒྷཾ་སོགས་ནི་རྡོ་རྗེ་མཆོད་ཡོན་སོགས་ཏེ། རྡོ་རྗེ་གསུམ་ལས་མི་འདའ་བར་རྡོ་རྗེ་ཡེ་ཤེས་ཀྱི་རང་གཟུགས་ཀྱི་མཆོད་རྫས་སུ་བྱིན་གྱིས་བརླབས་པའི་དོན་ཏོ། །དེ་ནས་རོལ་མོ་ཇི་སྙེད་པའི་སྒྲ་བྱ་ཞིང་། དྷརྨ་ར་ཎི་ཏ་སོགས་ལན་གསུམ་བརྗོད་ལ་དང་པོས་མཆོད་ཡུལ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས། གཉིས་པས་དེ་དག་གི་གནས་ཁང་བྱིན་གྱིས་བརླབས། གསུམ་པས་མཆོད་པ་རྣམས་བྱིན་གྱི་བརླབས་པར་བསམ་མོ། །ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། །
Domain ཆོས་ལུགས།